ནགས་ཕག་མཚོའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་།

    1.jpg

ནགས་ཕག་མཚོའི་སྣོད་བཅུད་འདམ་ར་དེ་མི་དང་དུས་བྱའི་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ལ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱིས་ཆགས་པ་ཞིག་ཡིན་ཏེ།འདི་ལྟ་བུའི་རྣམ་པ་ནི་མཐོང་དཀོན་པ་ཞིག་མ་ཡིན་པ་རེད།  ནགས་ཕག་གྲོང་ཚོ་ཚོགས་ཆུང་གི་དུད་ཚང47གྱིས་གཟའ་རེར་རེས་མོས་ཀྱིས་མཚོ་སྐོར་ལམ་འགྲམ་ཀྱི་གད་སྙིགས་གཙང་སེལ་བྱེད་ཀྱི་ཡོད་པས།ནགས་ཕག་མཚོར་སྲུང་སྐྱོང་བྱེད་དགོས་པ་དེ་གྲོང་མི་ཚོའི་ཐུན་མོང་གི་འདུ་ཤེས་ངོས་འཛིན་ཞིག་ཏུ་གྱུར་ཡོད།

2.jpg

    ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོའི་མཐའ་འཁོར་དུ་རྨོ་བསྐྱུར་བརླན་གསོ་དང་།སྡེ་ཁུལ་ལ་མཉམ་དུ་བདག་གཉེར། ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད།ནགས་ཕག་མཚོའི་མཐའ་འཁོར་གྱི་གྲོང་མིའི་ཚོགས་ཆུང་8ཀྱི་ཞིང་དུད་ལ་ལོ་རེར་སྒོར3000ཡི་ཕག་གསོས་ནས་གསོ་རྒྱུའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་དང་།  སྒོ་ཟོག་གིས་འདམ་རར་གཏོར་སྐྱོན་མི་ཕོག་པ་བྱས་ཡོད།

3.jpg

    གོམ་སྟབས་རྗེས་མར།རང་ཁུལ་གྱིས“རྩེར་སོན་ཐོན་ལས་རྟེན་གཞི+གྲོང་གསེབ་ཡུལ་སྐོར+མཛེས་སྡུག་ལྡན་པའི་གྲོང་གསེབ”བཅས་ཀྱི་བླང་བྱ་ལྟར།ནགས་ཕག་མཚོ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་བར་འཛིན་པ་དང་ཏ་ལ་གཙང་པོའི་འབབ་རྒྱུད་གཙོ་གནད་དུ་བྱས་ཏེ་ནགས་ཕག་མཚོ་འབབ་རྒྱུད་དེ་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཆེན་པོའི་ཐོག་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་འདམ་རའི་སྤྱི་གླིང་དུ་བསྐྲུན་ནས་ཞིང་ལས་དང་ཐོན་ལས་གཉིས་པ་དང་གསུམ་པ་མཉམ་འདྲེས་ཀྱི་ས་མཐོའི་དེང་རབས་ཐོན་ལས་མ་ལག་བསྐྲུན་ནས་ནགས་ཕག་མཚོ་འབབ་རྒྱུད་ཀྱི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།