ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ལེགས་པོ་སྐྲུན་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི10114.01ལ་སྣེ་ལེན་ཞུས་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས110%འཕར་བ་དང་།ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1107ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས132.9%འཕར་ཡོད་པ་རེད།

“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།བདེ་ཆེན་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་བཏང་བས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད།

ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་གཙོ་གནད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་འགོ་བཙུགས་པ་དང་།སྟོབས་ཤུགས་གཅིག་སྡུད་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་སྟེ་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

ཚོང་རྟགས་གྲགས་ཅན་གྱི་ཚོང་གཉེར་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་པ། 2019ལོར་འཁྱུག་དབྱིངས་དང་དེ་རིང་གི་གསར་འགྱུར་འགོ་བརྗོད་སོགས་དང་མཉམ་འབྲེལ་བྱས་ནས་ཡུལ་སྐོར་སྟེགས་བུ་མང་པོར་བདེ་ཆེན་རིག་གནས་ཡུལ་སྐོར་གཞུང་ཕྱོགས་ཚོང་ཁང་བཙུགས་པ་དང་། ཞིན་ཧྭ་དྲ་བ་དང་མི་དམངས་དྲ་བ་སོགས་སྨྱན་སྦྱོར10ལྷག་ཙམ་དང“སྲིད་གཞུང་དང་སྨྱན་སྦྱོར་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་བཙུགས་པ། སྟག་མཆོང་གྲོག་རོང་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་དང་སེམས་ཀྱི་ཉི་ཟླའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད།

ཡུལ་སྐོར་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས“ལག་ཐོགས་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་པའི”ལས་སྟེགས་ལ་བརྟེན་ནས་བདེ་ཆེན་གྱི་ཡུལ་སྐོར་རིག་ནུས་ཅན་གྱི་ཆུ་ཚད་དང་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་བྱ་ཐབས་ཁག22ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡུལ་སྐོར་ཁྲོམ་ར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་།

ཡུལ་སྐོར་གྱི་ལེ་ལག་ཚང་བའི་ཐོན་རྫས་གསར་སྤེལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་པར་ལེན་ཡུལ་སྐོར་དང་། བེ་ཤའི་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོའི་ཐོན་རྫས་རབ་དང་རིམ་པ་དང་སྒོ་འཛིན་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་བཏོན་པ་དང་ཆབས་ཅིག་དྲ་རྒྱའི་ཐོག་འདེམས་ཤོག་འཕེན་པ་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་སེམས་ཀྱི་ཉི་ཟླའི་ལམ་ཐིག་རྩེ་གྲ་ཆེ་གྲས་བཅུ་བཏོད་ཡོད་པ་རེད།

ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་དམ་འཛིན་བྱས་ཏེ།ཚད་གཞི་མཐོན་པོའི་སྒོ་ནས་ཡང་ཐང་སྟག་མའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་།ནགས་ཕག་མཚོའི་འདམ་རའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཆར་འགོད་བྱས་པ། རྡོ་མཁར་རྫོང་ཟླ་འོད་གྲོང་ཁྱེར་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་།ཁ་བ་དཀར་པོ་པར་ལེན་གྲོང་རྡལ་ཆུང་ངུ།འབའ་ལྷག་དཀར་རྫོང་གི་ཁྱད་ལྡན་གྲོང་རྡལ་ཆུང་བ་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གང་མགྱོགས་བསྐྲུན་ནས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁོར་ཡུག་མཛེས་ཤོས་བཏོད་ཡོད་པ་རེད།

བདེ་ཆེན་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་རྒྱུ་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ནས་མཛེས་ལྗོངས་ཁུལ་ཞིག་གསར་སྤེལ་དང་།ནགས་ཚལ་ སྲུང་སྐྱོང་བྱེད་པ།ས་ཆ་དེ་གའི་མང་ཚོགས་ལ་སྐུལ་ཁྲིད་བཅས་བྱས་པའི“ཡུལ་སྐོར་དང་དབུལ་སྐྱོར”ཟུང་འབྲེལ་བྱས་ཏེ་རི་ཁུལ་གྱི་མང་ཚོགས་དབུལ་ཐར་ཕྱིན་ ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་བཏང་ཡོད།

    པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྡེ་ཁུལ་ལ་རོགས་སྐྱོར་བྱས་ནས་ཉེ་འཁོར་གྱི་གྲོང་མིའི་ཚོགས་ཆུང23ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

འབའ་ལྷག་དཀར་རྫོང་གིས“ཡུལ་སྐོར་དང་།རིག་གནས།དབུལ་སྐྱོར”བཅས་ཟུང་དུ་འབྲེལ་ནས་མང་ཚོགས་ལ་དབུལ་སྐྱོར་བྱས་པ་རེད། ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་པ་དང་བསྟུན་ནས་གཞུང་ལམ་བསྐྲུན་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པར་བརྟེན་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་གྲོང་མིའི་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད་ནས་དབུལ་སྒྲོལ་ཐུབ་པ་བྱུང་ཡོད།

མཐའ་ཆུ་གྲོང་རྡལ་གྱིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཏུ་ལྟ་སྐོར་ཡུལ་སྐོར་དང་།སྣོད་བཅུད་ཡུལ་སྐོར། ཞག་སྡོད་ཉམས་ལེན་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་ཡུལ་སྣ་མང་ཅན་བསྐྲུན་ནས་ཡུལ་སྐོར་བའི་དགོས་མཁོ་བསྐངས་ཡོད་པ་རེད།

2015ལོར་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་བྱས་པ་ནས2020ལོའི་ཟླ8པའི་བར་ཁུལ་ཡོངས་ཀྱི་ཡུལ་སྐོར་དབུལ་སྐྱོར་གྱིས་རྫོང(གྲོང་ཁྱེར)3དང་།ཤང་(གྲོང་རྡལ)28གྲོང་ཚོ་དབུལ་པོ76། མི་19557དབུལ་སྒྲོལ་བྱས་ནས་དབུལ་ཞྭ་ཕུད་པ་དང་།རྒྱ་ཆེའི་ཞིང་པས་ཡུལ་སྐོར་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།