ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ཕོ་གསར་ཞིག་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད་པ།

ཡོང་ཁུངས། : ཁམས་པའི་དྲ་བ།     སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2020ལོའི་ལོ་མཇུག་ཏུ་ཁམས་ཀྱི་ཕོ་གསར་ལི་ཐང་བསྟན་འཛིན་ལགས། ཁ་ལས་རླུང་རྟ་དགུང་དུ་དར་ནས་ཆེས་དྭངས་གཙང་གི་འཛུམ་མདངས་ཀྱིས་འཛམ་གླིང་གི་དྲྭ་སྒང་ཧྲིལ་པོ་འུར་ཆིལ་ལེར་བཏང་ཞིང་། དྲྭ་དམངས་དུང་ཕྱུར་མང་པོས་དོ་ཁུར་བྱེད་ཡུལ་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར། ཉེ་ཆར་ཁོ་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་པའི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞིའི་ཡོངས་བསྒྲགས་བྱེད་སྒོའི་ནང་ཞུགས་པ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར་ཁོས་ནུབ་ལྭ་ནག་པོ་ཞིག་གྱོན་ནས་གཏམ་བཤད་སྟེགས་བུའི་ཐོག་ཏུ་བུད། གཏམ་བཤད་སྟེགས་བུའི་ཐོག་ནས་བསྟན་འཛིན་ལ་སྐྲག་སྣང་དང་འཚེར་སྣང་སྤུ་ཙམ་ཡང་མེད་པར་མིག་མདངས་ལས་ཡིད་ཆེས་དང་རེ་བས་ཁེངས་ནས་ཡོད་ལ། རྣམ་འགྱུར་འདིས་རྒྱལ་སྤྱིའི་གྲོགས་པོ་མང་པོ་ཞིག་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་རེད།

བྱེད་སྒོའི་ཡུལ་དངོས་ནས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་འཁོར་སྲུང་འཆར་འགོད་ཁང་གིས་བསྟན་འཛིན་ལ་འཁོར་ཡུག་སྲུང་སྐྱོང་གི་གཟི་བརྗིད་མཚན་སྙན་གནང་བ་རེད།

        མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་འཐུས་ཚབ་པ་སྐྱེས་མ་པའེ་ཡཱ་ཐིང་ལགས་ཀྱིས་བསྟན་འཛིན་ལ་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་ཚུལ།       

        བསྟན་འཛིན་གྱིས་གཏམ་བཤད་བྱེད་བཞིན་པའི་ཚུལ།

        མདོ་འཛིན་པ་དང་ལྷན་དུ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།