བདེ་ཆེན་ཁུལ་གྱིས་སྨན་ཁབ་གཉིས་པའི་པྲོག་གསར་འགོག་སྨན་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁུལ་གྱི་ལས་ཁུངས་སོ་སོའི་ལས་དོན་མི་སྣས་སེམས་ཀྱི་ཉི་ཟླ་མི་རིགས་ལས་རྩལ་ལྟེ་གནས་ཀྱི་སྤོ་ལོ་ཁང་དུ་སྨན་ཁབ་གཉིས་པའི་པྲོག་གསར་འགོག་སྨན་རྒྱག་མགོ་བརྩམས་པ་དང་། ཐེངས་འདིའི་ཁ་གཏད་བྱ་ཡུལ་ནི་ཟླ3པའི་ཚེས19(ཉིན་དེ་ནང་མི་ཚུད)སྔོན་སྨན་ཁབ་དང་པོའི་པྲོག་གསར་འགོག་སྨན་བརྒྱབ་པའི་ལས་དོན་མི་སྣ་དག་ཡིན།

ཡུལ་དངོས་སུ་འགོག་སྨན་དང་ལེན་བྱེད་མཁན་གྱི་ལས་དོན་མི་སྣ་རྣམས་གོ་རིམ་བཞིན་གྲལ་སྒྲིག་པ་དང་། པྲོག་གསར་འགོག་སྨན་ཛ་དྲག་ཆེ་བའི་འགོག་སྨན་གནས་ཚུལ་ཤེས་པའི་མོས་མཐུན་ཡི་གེ་སྐོང་བ། བདེ་ཐང་ཨང་གཤེར་དང་ལེན་བྱེད་པ། ལས་དྲོད་དང་ཁྲག་ཤུགས་ཚད་འཇལ་པ། སྨན་ཁབ་དང་པོའི་འགོག་སྨན་བརྒྱབ་པའི་དཔང་ཡིག་སྟོན་པ་སོགས་ཀྱི་གོ་རིམ་བརྒྱུད། ད་གཟོད་སྤོ་ལོ་ཁང་དུ་སོང་ནས་ཐོ་འགོད་པ་དང་འགོག་སྨན་རྒྱག་པར་གྲ་སྒྲིག་བྱས།

བདེ་ཆེན་ཁུལ་མི་དམངས་སྨན་ཁང་དང་། སེམས་ཀྱི་ཉི་ཟླའི་མ་བུ་བདེ་སྲུང་སྨན་ཁང་། རྒྱལ་ཐང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་སོགས་ཀྱི་ལས་ཁུངས་ནས་ཡོང་བའི་སྨན་པ་ཚོས་སྤྲོ་སེམས་ཁེངས་བའི་སྒོ་ནས་འགོག་སྨན་དང་ལེན་བྱེད་པའི་ལས་དོན་མི་སྣ་དག་ལ་ཞབས་ཞུ་གང་ལེགས་སྒྲུབ་པ་ལས་གཞན། འགོག་སྨན་བརྒྱབ་རྗེས་ཀྱི་གཟའ་འཁོར་གཅིག་ནང་གི་འཛེམས་བྱ་རྣམས་གསལ་འདེབས་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།