སེམས་ཀྱི་ཉི་ཟླས་ཕྱོགས་ཡོངས་ནས་མཐོ་སྒང་གི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་སྐྲུན་པ།

2.jpg

3.jpg

4.jpg

5.jpg

6.jpg

7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་མཉམ་དུ་འདྲེས་པའི་ས་ཁོངས་རང་བཞིན་གྱི་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། “ཤར་བསྐྱེད་ལྷོ་བསྲིངས་ནུབ་བྱང་ཚོད་འཛིན་དཀྱིལ་འཁོར་རྒྱུག”གི་གྲོང་ཁྱེར་འཕེལ་རྒྱས་བསམ་ཕྱོགས་ལྟར་ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྔ་གཞུག་ཏུ་ཞིང་ཆེན་རིམ་པའི“དཔལ་ཡོན་གྲོང་ཁྱེར”དང“སྐྱེད་ཚལ་གྲོང་ཁྱེར”“མཛེས་སྡུག་གྲོང་ཁྱེར”བཅས་ཀྱི་མཚན་སྙན་ཐོབ་པ་མ་ཟད། རྒྱུན་མཐུད་ངང་ཐེངས8ལ་ཞིང་ཆེན་རིམ་པའི་གཉིས་བཀུར་དཔེ་བཟང་རྫོང་དུ(གྲོང་ཁྱེར)བདམས་ནས། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་ཨང་དང་པོ་ཐེངས་གསུམ་ལ་བླངས། 2019ལོར“ཡུན་ནན་གྱི་ཞིང་ཆེན་རིམ་པའི་སྐྱེདལ་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ནས་རྒྱལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཚོད་ལྟ་རྫོང(གྲོང་ཁྱེརནང་དུ་བཅུག་པ་དང་། 2020ལོར“ཡུན་ནན་ཞིང་ཆེན་གྱི་མཛེས་སྡུག་རྫོང་གྲོང”གི་མཚན་སྙན་ཐོབ་པ་རེད། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཡི་ཚད་གཞི་ལྟར་གྲོང་ཁྱེར་གྱི་རྣམ་པ་སྐྲུན་པ་དང་། འཚོ་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ་ཧུང་ཐའེ་དབྱང་དང་ཞི་འར་ཏུན་སོགས་ཀྱི་བརྗོད་བྱ་གཙོ་བོའི་ཐང་ཆེན8དང་སེམས་ཀྱི་ཉི་ཟླ་སྤྱི་གླིང་སོགས་ཀྱི་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད། གཞུང་ལམ་མཛེས་ལྗོངས་ཁུལ8དང་གཞུང་ལམ་ལྗང་སྒྱུར16བཅས་སྐྲུན་ནས་གསར་དུ་བསྣན་པའི་སྔོ་ལྗང་གི་རྒྱ་ཁྱོན་སྤྱི་ཆིང311.7ཟིན་ཡོད། 

2021ལོར་སླེབས་པའི་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ཏང་ཨུའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་སྟེང“མཐོ་སྒང་གི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་འཚོལ་ཞིབ་ལ་སྐུལ་འདེད་བཏང་ནས། མཐོ་སྒང་གི་གྲོང་ཁྱེར་དུ་ལྗང་མདོག་རྣམ་པར་བཀྲ་བ་དང་། དབྱང་རླུང་ཕྱིར་གཏོང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི”བླང་བྱ་བཏོན་ནས་གཟབ་ནན་སྒོས་འཆར་འགོད་དང་། ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “ཁུལ་བཞི་འཛུགས་སྐྲུན”དང“ཤམ་བྷ་ལའི་བདེ་སྐྱིད་མཁར་གྲོང”བསྐྲུན་པར་དམ་པོར་དམིགས་ནས་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་དང་། གྲོང་ཁྱེར་གསར་སྒྱུར། མཛེས་སྡུག་རྫོང་གྲོང་དང་སྐྱེད་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།