ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྒྲོག་འགྲེལ་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། བདེ་ཆེན་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁུལ་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཆེད་དོན་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་འཚོགས་ནས། བདེ་ཆེན་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཅིག་སྡུད་སྒྲོག་འགྲེལ་ལས་དོན་རྩ་འཛུགས་བྱེད་པར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་སྟེང་ཆེད་དོན་སྒྲོག་འགྲེལ་བྱེད་པར་བསམ་བློའི་སྟོབས་ཤུགས་ཀྱི་མྱོང་ཚོར་གཙོ་གནད་དུ་འཛིན་པ་དང་། ཐོག་མའི་ཕུགས་འདུན་དང་འགན་འཁྲིར་དམ་འཛིན་བྱེད་པ། སྲ་ཞིང་བརྟན་པའི་ཏང་གཤིས་ལ་ཞུན་བརྡར་གཏོང་བའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པའི་འགག་རྩར་དམ་འཛིན་བྱེད་པ། བྱ་གཞག་གསར་འབྱེད་ཀྱི་ཇུས་གཞི་གསར་པའི་ལས་དོན་དམིགས་འབེན་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པར་འབད་འཐབ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་ཆེད་དོན་སྒྲོག་འགྲེལ་བྱེད་པར་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གསལ་པོར་བཤད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་ནས་བཟུང་། བདེ་ཆེན་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསལ་པོར་བཤད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་གསལ་པོར་བཤད་པ།ཏང་གིས་བདེ་ཆེན་དུ་གསར་བརྗེའི་འཐབ་རྩོད་སྤེལ་བའི་གཏམ་རྒྱུད་གསལ་པོར་བཤད་པ་བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།