ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།  ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མཉེན་ཆས་དང་མཁྲེགས་ཆས་དུས་གཅིག་ཏུ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕྲོད་བསྟེན་སྒྲིག་གཞིས་ཞབས་ཞུའི་ནུས་པ་མགྱོགས་མྱུར་ངང་ཆེ་རུ་བཏང་ནས་རང་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྩ་བའི་ཆ་ནས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།    

འཕྲོད་བསྟེན་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།     རང་ཁུལ་གྱིས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་ལས་སྒོའི་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དང་།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་པ།    འཇོལ་རྫོང་མི་དམངས་སྨན་ཁང་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བཅས་བྱས་ཤིང་།    མིག་སྔར་རྣམ་གྲངས་གསུམ་པོ་དེ་དག་ཚང་མ་བྱེད་པོའི་འཛུགས་སྐྲུན་ལེགས་སྒྲུབ་ཟིན་པ་དང་།    སྔོན་དཔག་བྱས་ན་འདི་ལོ་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་ཐུབ་ནས་རྣམ་གྲངས་ཁག་གཅིག་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད།     དེ་དང་ཆབས་ཅིག་མཐུད་སྐྲུན་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འཇོལ་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་དང་།   འཇོལ་རྫོང་མ་བུ་འཕྲོད་སྦྱོར་ཁང་།    འབའ་ལུང་རྫོང་ཀྲུང་ལུགས་བོད་ལུགས་གསོ་རིག་སྨན་ཁང་།   འབའ་ལུང་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས།    འབའ་ལུང་རྫོང་མ་བུ་འཕྲོད་སྦྱོར་ཁང་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་ཚང་མ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།     འཇོལ་རྫོང་ཐང་སྟེང་ཤང་འཕྲོད་བསྟེན་ཁང་གི་ཁྱོན་ཡོངས་ཀྱི་གནས་སྤོས་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་ར་བ་སྤྱིར་ནས་ལེགས་གྲུབ་ཟིན་པ་དང་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་བཞིན་ཡོད།    སྟག་མཆོང་གྲོག་རོང་ལྟེ་བའི་འཕྲོད་བསྟེན་ཁང་ཁྱོན་ཡོངས་གནས་སྤོ་འཛུགས་སྐྲུན་རྣམ་གྲངས་དེ་ལོ་གཉིས་རིང་འཛུགས་སྐྲུན་བྱས་པ་བརྒྱུད་ན་ནིང་ཟླ་10པར་གནས་སྤོ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་དང་འབའ་ལུང་རྫོང་ཝུའེ་ཏིང་ཤང་འཕྲོད་བསྟེན་ཁང་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་འབྲེལ་བེད་སྤྱོད་ཀྱང་བྱས་ཡོད་པ་རེད།    

ནུས་ཤུགས་ཡོད་རྒུས་ཁུལ་དང་རྫོང་(གྲོང་ཁྱེར)བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་སྤུས་ཚད་མཐོར་གཏོང་དང་ཚད་ལོན་ལས་དོན་སྤེལ་ཡོད།     བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་འབྲེལ་ན་ནིང་ཟླ་6པར་ཞིང་ཆེན་རིམ་པའི་ཞིབ་དཔྱད་རྩིས་ལེན་བྱས་པ་རེད།     ཁུལ་བོད་ལུགས་སྨན་ཁང་གིས་རིམ་གསུམ་ཁ་པ་སོགས་མི་རིགས་སྨན་ཁང་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་དཔྱད་ཞིབ་ཀྱི་འདུན་ཞུ་ཕུལ་ཡོད་པ་རེད།     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་སྨན་ཁང་ལ་ན་ནིང་ཟླ་9པར་རིམ་པ་གཉིས་པའི་ཀ་པ་རིམ་པའི་མ་བུའི་འཕྲོད་སྦྱོར་སྨན་ཁང་གིས་ཞིབ་དཔྱད་རྩིས་ལེན་བྱས་པ་རེད།      

འབའ་ལུང་རྫོང་མི་དམངས་སྨན་ཁང་དང་འཇོལ་རྫོང་མི་དམངས་སྨན་ཁང་གིས་རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང་བརྒྱུད་པའི་རྨང་གཞིའི་ཐོག་ལྟེ་གནས་ཆེ་གྲས་ལྔ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་རིམ་པའི་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།     གཞི་རིམ་ལ་ཞབས་འདེགས་ཡག་པོ་ཞུ་བའི་བྱེད་སྒོ་དང་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་རིམ་པ་ཞིབ་དཔྱད་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་གཞི་རིམ་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱབ་པ་དང་།    སྨན་བཅོས་ནད་སྐྱོང་གི་སྤུས་ཚད་དང་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་ལ།    སྨན་ཁང་གི་འགོས་ནད་དང་སྨན་བཅོས་ཟོག་རོ་དོ་དམ་གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་སྨན་བཅོས་བདེ་འཇགས་འགན་ལེན་བྱས་ཡོད།     རིམ་ལྡན་སྨན་ཁང་བཙུགས་པ་བརྒྱུད་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་པ་རེད།    

ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་གཞི་ཅན་དུ་སྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།     ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བབ་མཚུངས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།     ཚན་ཁག་འཛུགས་སྟངས་ཚད་ལྡན་དུ་གཏོང་བ་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29ཡི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་3ཚང་མ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་གཞི་རྩའི་ཚད་གཞིར་སླེབས་པའི་བླང་བྱ་ལྟར་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གྲུབ་འབྲས་ཐོབ་ཡོད་དེའི་ནང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་8(སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས)ལ་ཡུན་ནན་ཞིང་ཆེན་གྱི་རིམ་པ་དང་པོའི་ཀ་པ་རིམ་པའི་འཕྲོད་བསྟེན་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད་གཞི་རིམ་གྱི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།     དེ་དང་ཆབས་ཅིག་ཚད་གཞི་མ་ལོན་པའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་162 གྲོང་ཚོའི་འཕྲོད་བསྟེན་ཁང་གི་གཞི་རྩའི་ཚད་གཞིར་སླེབས་པའི་བླང་བྱ་ལྟར་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གྲུབ་འབྲས་ཐོབ་ཡོད།   གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་ཉུང་མཐར་ཡང་ཚད་གཞི་ལོན་པའི་ཤང་གྲོང་ཚོའི་སྨན་པའི་ལས་གཉེར་ཐུབ་ནས་ཤང་གྲོང་ཚོའི་སྨན་པའི་ཐོབ་ཐང་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།