ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ཡོངས་ཀྱི་བརྟན་ལྷིང་དམ་འཛིན་དང་རིམས་ནད་སྔོན་འགོག་དབུལ་སྒྲོལ་སྲ་བརྟན་དང་མཐུན་སྒྲིལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོ། ཁུལ་ཡོངས་ཀྱི་རིམས་ནད་ཀྱི་བྱུང་ཚུལ་ཐོན་རྒྱུ་དམ་འཛིན་དང་དབུལ་སྒྲོལ་ལ་སྲ་བརྟན་བཏང་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོའི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།

 ཚོགས་འདུའི་ཐོག་ནན་གསུང་གནང་དོན། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཕྲག་ཐོག་ཏུ་བརྟན་པོ་འཁུར་བ་དང་།       ཆབ་སྲིད་ཀྱི་ས་ཚིགས་སྔར་བས་ཆེ་རུ་གཏོང་བ། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་འཁུར་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་བདེ་ཆེན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
 ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་ཀྲང་ཝེ་ཏུང་དང་། ཁུལ་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཚོགས་འདུར་ཞུགས་པ་རེད།
 ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་།           དགོས་གཏུག་རང་བཞིན། ཛ་དྲག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་ཞེན་པ་ལོག་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་དགོས།

 གྲོས་ཚོགས་ཐོག་ནན་གསུང་གནང་དོན།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་རིམ་ཁག་བཀོད་འདོམས་པུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་མ་ལག་དང་ལས་ཀའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་མ་ལག་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

 དུས་ཆེན་དང་ངལ་གསོའི་རིང་ལ་བདེ་ཆེན་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འཕྲལ་སྡོམ་ལས་རེས་བརྟན་སྲུང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་དམ་འཛིན་ནན་པོ་བྱས་ནས་གཙོ་གནད་མི་ཚོགས་ལ་གྲལ་བཤེར་དང་དོ་དམ་ཡག་པོ་བྱེད་དགོས།                

རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྨན་ཁང་གི་ཚོར་སྣང་སྔོན་འགོག་ཚོད་འཛིན་དང་སྨན་དོན་མི་སྣ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏོག་དབྱིབས་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
 དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དང་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ལ་མི་སྒེར་གྱི་འགོག་སྲུང་ལས་དོན་མུ་མཐུད་མཐའ་འཁྱོངས་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།  རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་སྤེལ་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་པ་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་བདེ་ཐང་དོ་དམ་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ་དང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་འགུལ་ངང་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་ཤིང་། རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། དུས་ཐོག་ཏུ་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ད་དུང་ཁུལ་ཡོངས་ཀྱི་མེ་ཟོན་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་མེ་ཟོན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།    

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།