ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླས“ལག་ཟུང་མཉམ་དུ་སྦྲེལ་ཏེ་འགྲིམ་འགྲུལ་བདེ་འཇགས་གཏན་སྲུང་བྱེད”ཅེས་པའི་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

2.jpg

3.jpg

3.jpg

བྱ་འགུལ་གྱི་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས6ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཐད་གཏོགས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བདེ་ཆེན་བུ་བཅོལ་ཁང་དང་མཉམ་འབྲེལ་གྱིས“ལག་ཟུང་མཉམ་དུ་སྦྲེལ་ཏེ་འགྲིམ་འགྲུལ་བདེ་འཇགས་གཏན་སྲུང་བྱེད”ཅེས་པ་བརྗོད་བྱ་ཡིན་པའི་སློབ་གསོ་བྱ་འགུལ་རབ་དང་རིམ་པ་སྤེལ། 

བྱ་འགུལ་ཁྲོད་ཅི་ལྟར་བདེ་འཇགས་ངང་གཞུང་ལམ་བརྒལ་བ་དང་། ཅི་ལྟར་གཞི་རྩའི་འགྲིམ་འགྲུལ་མཚོན་རྟགས་དབྱེ་འབྱེད་དང་གཞི་རྩའི་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་རྟོགས་པ། ཅི་ལྟར་འགྲིམ་འགྲུལ་བཀོད་འདོམས་ལག་བརྡ་རྟོགས་པ་སོགས་ཀྱི་ནང་དོན་བྱིས་པ་ཚོའི་སློབ་ཁྲིད་ནང་བཞག་སྟེ་བརྗོད་བྱ་གཙོ་བོའི་རོལ་རྩེད་དང་། མི་སྣ་འཁྲབ་སྟོན། ཡུལ་དངོས་སུ་ཉམས་ལེན་བྱེད་པ་བཅས་ཀྱི་རྣམ་པ་གསར་བས་བྱིས་པ་ཚོར་སློབ་སྟོན་གནང་བ་མ་ཟད། བྱིས་པ་ཚོར་རྩེད་མོ་རྩེད་ཞོར་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།