ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་གཙོ་གནད་རྣམ་གྲངས19གཅིག་སྡུད་སྒོས་ལས་མགོ་བརྩམས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། བདེ་ཆེན་གྱིས2021ལོའི་ཟླ3པའི་གཙོ་གནད་རྣམ་གྲངས་གཅིག་སྡུད་སྒོས་ལས་མགོ་རྩོམ་པའི་མཛད་སྒོ་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་བྱང་སྒོའི་ཁུལ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་བཟོ་སྐྲུན་བྱ་ཡུལ་དུ་འཚོགས་ནས། གཙོ་གནད་རྣམ་གྲངས19གཅིག་སྡུད་སྒོས་ལས་མགོ་བརྩམས་པ་དང་། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་ལེན། གཙོ་གནད་ཐོན་ལས་སོགས་ཚུད་ཡོད། དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20.61བཏང་བ་དང་། 2021ལོའི་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར10.08གཏོང་རྩིས་ཡོད་པ་རེད།

ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཞུས་ཕུང་ཧྲེང་གིས་རྣམ་གྲངས་ལས་མགོ་བརྩམ་པ་ཁྱབ་བསྒྲགས་བྱས་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་དང་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལེའོ་ཝུན་ཚའེ་ཡིས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས་པ་རེད།

སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་བྱང་སྒོའི་ཁུལ་གྱི་རིམ་སྤོར་བསྒྱུར་བཀོད་རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་གཅིག་སྡུད་སྒོས་ལས་མགོ་བརྩམས་པ་ནི་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རང་ཁུལ་གྱིས་ཕྱོགས་ཡོངས་ནས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་ལས་དོན་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། མ་དངུལ་འཇོག་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་རྩོམ་པར་འགན་ལེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། བདེ་ཆེན་གྱིས2021ལོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡོལ་བ་ཕྱེས་ནས། ཁུལ་ཡོངས་ཀྱིས་མགྱོགས་མྱུར་ངང་མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར་ཡོད་པ་མཚོན་ཡོད།

མཛད་སྒོའི་སྟེང་རྣམ་གྲངས་ཁག་གི་དོ་བདག་དང་དེ་བཞིན་བཟོ་སྐྲུན་སྡེ་ཁག་གི་ལས་གྲྭའི་འཛུགས་སྐྲུན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཨར་སྐྲུན་ལས་གཞིའི་སྟོབས་ཤུགས་འགན་ལེན་བྱས་ཏེ་ཁྲིམས་ལྟར་བཟོ་སྐྲུན་བྱེད་པ་དང་། ཡ་རབས་ངང་བཟོ་སྐྲུན་བྱེད་པ། བདེ་འཇགས་ངང་བཟོ་སྐྲུན་བྱེད་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱེད་དགོས། རྫོང(གྲོང་ཁྱེར)དང་། གསར་སྤེལ་ཆུས།ཁུལ་རིམ་པའི་སྡེ་ཁག་སོ་སོས་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་མ་འཇོག་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཟླ་རེར་དུས་ཚིགས་འགན་ལེན་དང་དུས་ཚིགས་རེར་ལོ་འགན་ལེན་བྱས་ནས་མ་འཇོག་ལས་འགན་ཁག་དུས་རིམ་ལྟར་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ཁུལ་རིམ་པའི་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་པོ་འཁུར་བ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་འཁོར་གྱི་འཆར་གཞིའི་ནང་ད་དུང་ལས་མགོ་ཚུགས་མེད་པའི་གསར་སྐྲུན་རྣམ་གྲངས161ལ་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས“གཟའ་འཁོར་རེར་སྐུལ་འདེད་གཏོང་བ་དང་། ཉིན་རེར་ཚད་བརྒལ་ཡོང་བ། ཟླ་རེར་ལས་མགོ་གསར་པ་འཛུགས་པ”བཅས་བྱེད་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།