ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་སློབ་མ་སློབ་གྲྭར་ཞུགས་ཚད50.05%ལ་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས24ཉིན། ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་གིས་གཞུང་ཕྱོགས་དྲ་བའི་སྟེང《ཡུན་ནན་ཞིང་ཆེན་གྱི2020/2021ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ། མཐོ་རིམ་སློབ་གསོ། མི་རིགས་སློབ་གསོ། དམངས་གཉེར་སློབ་གསོ། དམིགས་བསལ་སློབ་གསོ། དར་མའི་སློབ་གསོ། ཡིག་རྨོངས་སེལ་བའི་སློབ་གསོ་བཅས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

2020ལོར་ཞིང་ཆེན་ཡོངས་སུ་བསྡོམས་པས་བྱིས་གཉོར་ཁང13385ཡོད་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བྱིས་གཉོར་ཁང1300ཇེ་མང་དུ་སོང་ཡོད། བྱིས་གཉོར་ཁང་དུ་ཡོད་པའི་བྱིས་པ་མི་ཁྲི167.27ལ་སླེབས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་མི་ཁྲི17.4ཇེ་མང་དུ་གྱུར། སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད88.79%ལ་སླེབས། ཀུན་ཕན་རང་བཞིན་གྱི་བྱིས་གཉོར་ཁང་གི་ཁྱབ་ཚད82.5%ལ་སླེབས་ཏེ། ལོ་སྔོན་མ་ལས་བརྒྱ་ཆའི་ཆ6.31འཕར་ཡོད།

ཞིང་ཆེན་ཡོངས་སུ་བསྡོམས་པས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ12379ཡོད་པ་དང་། ཞིང་ཆེན་ཡོངས་སུ་མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་གྲྭ་བསྡོམས་པས1005ཡོད། ཞིང་ཆེན་ཡོངས་སུ་མཐོ་འབྲིང་དཀྱུས་མ601ཡོད་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་སློབ་གྲྭ54ཇེ་མང་དུ་སོང་ཡོད། སློབ་མ་ཁྲི36.00ཡོད་པ་དང་། ལོ་སྔོན་མ་ལས་མི་ཁྲི2.95ཇེ་མང་དུ་སོང་།

ཞིང་ཆེན་ཡོངས་སུ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ404ཡོད།

ཞིང་ཆེན་ཡོངས་སུ་རིགས་སོ་སོའི་མཐོ་རིམ་སློབ་གསོའི་སློབ་གྲྭ་ན་ཡོད་པའི་སློབ་མའི་གཞི་ཁྱོན་མི་ཁྲི142.54ལ་སླེབས་པ་དང་། མཐོ་རིམ་སློབ་གསོའི་སློབ་གྲྭ་ཞུགས་ཚད50.05%ལ་སླེབས། ཞིང་ཆེན་ཡོངས་སུ་བསྡོམས་པས་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་དར་མའི་མཐོ་རིམ་སློབ་གྲྭ83ཡོད།

ཞིང་ཆེན་ཡོངས་སུ་རིགས་སོ་སོའི་མཐོ་རིམ་སློབ་གསོའི་དམངས་གཉེར་སློབ་གྲྭ6459ཡོད་ཅིང་། དེའི་ཁྲོད་དམངས་གཉེར་བྱིས་གཉོར་ཁང6002ཡོད་པ་དང་། དམངས་གཉེར་སློབ་ཆུང་དཀྱུས་མ112ཡོད། དམངས་གཉེར་སློབ་འབྲིང་དཀྱུས་མ98ཡོད་ལ། དམངས་གཉེར་མཐོ་འབྲིང178ཡོད། དམངས་གཉེར་འབྲིང་རིམ་ལས་རིགས་སློབ་གྲྭ47ཡོད་དེ། དམངས་གཉེར་མཐོ་སློབ21བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།