ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་གྱིས་ཞིང་སྡེའི་མི་གྲངས་ཁྲི1963.1གི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་གྱིས་ཞིང་སྡེའི་མི་གྲངས་ཁྲི1963.1གི་འཐུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་། དེའི་ཁྲོད་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་མི་གྲངས་ཁྲི280.5ཡོད། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་ཚད2015ལོའི་ལོ་མཇུག་གི83%ནས96.7%བར་མཐོར་འདེགས་བྱུང་ཞིང་། རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད2015ལོའི་ལོ་མཇུག་གི77.7%ནས95.5%བར་མཐོར་འདེགས་བྱུང་ཡོད་པས། ཞིང་ཆེན་ཡོངས་ཀྱི་འཐུང་ཆུའི་ཆུ་སྤུས་ཚད་གཞིར་ལོན་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།

ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་གྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་དམངས་འཚོའི་བཟོ་སྐྲུན་དང་པོ་བཞིན་གཙིགས་སུ་བཟུང་ནས་སྒྲུབ་བཞིན་ཡོད་ཅིང་། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་ལས་དོན་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ལེན་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།