ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་ལོ་རེར་ཆ་སྙོམས་སུ9.3%འཕར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་ཞིང་ཆེན་ཡོངས་ཀྱི་གྱི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ2015ལོའི་སྒོར8242ནས2020ལོའི་སྒོར12842བར་ཇེ་མང་དུ་སོང་བ་དང་ལོ་རེར་ཆ་སྙོམས་སུ9.3%འཕར་ཡོད་དེ། རྒྱལ་ཡོངས་ཀྱི་ཞིང་སྡེ་ལས་བརྒྱ་ཆའི་ཚེག0.9མཐོ་བ་ཡིན།

2010ལོ་དང་བསྡུར་ན2020ལོར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོའི་འཕྲི་བའི་རིན་གོང་གི་ཤུགས་རྐྱེན་ཐེབས་པ་ལས་ལོ10བསྟུད་མར་དངོས་སུ་འཕར་ཚད134%ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་སྡེའི་འཕར་ཚད་དངོས་ལས་བརྒྱ་ཆའི་ཚེག22འཕར་ཡོད་དེ། ཚད་ལས་བརྒལ་ཏེ2010ལོ་ནས2020ལོའི་བར་གྱི་ཡུན་ནན་གྱི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་ལྡབ་གཅིག་གིས་འཕར་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ལེགས་བྱུང་། དེ་དང་ཆབས་ཅིག ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན2015ལོའི་སྒོར6830ནས2020ལོའི་སྒོར11069བར་ཇེ་མཐོར་སོང་ནས་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད10.1%ཡིན། ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་ཆུ་ཚད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དུས་རབས་གསར་བར་བསྐྱོད་དེ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཡུན་ནན་ཞིང་ཆེན་གྱིས་དབུལ་ཐར་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་འདོམས་བྱས་ཏེ། ཞིང་ལས་ཐོན་ལས་ཅན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་དགུས་ཞིང་སྡེའི་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་ལ་སྐུལ་འདེད་བཏང་སྟེ། གནས་སྐོར་རིག་གནས་དང་། ཟས་རིགས་དང་འཛད་སྤྱོད་ཐོན་རྫས་བཟོ་སྐྲུན་ལས་རིགས། དེང་རབས་ཞིང་ལས་གཙོ་གནད་ཐོན་ལས་ཆེན་པོ་བརྒྱད་ཀྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་ལས་ཞུགས་རྣམ་པ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་། ཡོང་སྒོའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ། ཡོང་སྒོའི་སྒྲིག་གཞི་རིམ་བཞིན་སྣ་མང་ཅན་དུ་གྱུར།

2020ལོར། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར3975ལ་སླེབས་པ་དང་། 2015ལོའི་སྒོར2315དང་བསྡུར་ན་ལོ་རེར་ཆ་སྙོམས་སུ11.4%འཕར་ཏེ། རྒྱལ་ཡོངས་ཀྱི་ཞིང་སྡེ་ལས་བརྒྱ་ཆའི་ཚེག2.7ཡིས་མཐོ་བ་རེད། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་གཉེར་སྐྱོང་ཡོང་སྒོ་རྐྱང་རྐྱང་སྒོར6523ལ་སླེབས་པ་དང2015ལོ་དང་བསྡུར་ན་ལོ་རེར་ཆ་སྙོམས་སུ7.2%འཕར་ནས་རྒྱལ་ཡོངས་ཀྱི་ཞིང་སྡེ་ལས་བརྒྱ་ཆའི་ཚེག1གིས་མཐོ་ཡོད། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་རྒྱུ་ནོར་ཡོང་སྒོ་རྐྱང་རྐྱང་སྒོར198ལ་སླེབས་པ་དང2015ལོ་དང་བསྡུར་་ལོ་རེར་ཆ་སྙོམས་སུ6.0%འཕར། ཞིང་སྡེའི་སྡོད་དམསང་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤོ་སྒྱུར་ཡོང་སྒོ་རྐྱང་རྐྱང་སྒོར2147ལ་སླེབས་ཏེ། 2015ལོ་བསྡུར་ན་ལོ་རེར་ཆ་སྙོམས་སུ12.8%འཕར་ཏེ་རྒྱལ་ཡོངས་ཀྱི་ཞིང་སྡེ་ལས་བརྒྱ་ཆའི་ཚེག0.7བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།