སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྡེ་ཁག་གི་འགན་འཁྲིའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། ལས་ཐོན་བསྐྱར་འཛུགས་དང་འཛད་སྤྱོད་བྱེད་སྟངས་གསར་གཏོད་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་པས་འཛད་སྤྱོད་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། གཅིག་ནི་འཛད་སྤྱོད་དབུལ་སྐྱོར་མགོ་ཁྲིད་ལས་བྱེད་པས་འབྲེལ་ལམ་བཙུགས་ནས་གཙོ་གནད་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ལམ་ལུགས་བཙུགས་པ་དང་། གཉིས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་སྐུལ་སློང་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་ནང་ཧུར་ཐག་གིས་ཞུགས་པ་དང་། ད་ལྟའི་བར་སྡེ་ཁག127གྱིས་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྤེལ་བས་འཛད་སྤྱོད་བསྡོམས་འབོར་སྒོར་ཁྲི530.2ལ་སླེབས། གསུམ་ནས་ཞིང་ཆེན་རིམ་པའི་ཁ་གཏད་རོགས་སྐྱོར་ལས་ཁུངས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། འཛད་སྤྱོད་དབུལ་སྐྱོར་ལས་དོན་སྤེལ་ནས་ཡུན་ནན་ཞིང་ཆེན་ཇུས་འགོད་གླིང་སྡེ་ཚོགས་ཚད་ཡོད་ཀུང་སིར་སེམས་ཀྱི་ཉི་ཟླའི་དབུལ་སྐྱོར་ཐོན་རྫས་ཀྱི་ཆེད་སྒྲོམ4བཙུགས། ཁྱོན་བསྡོམས་སྒོར་ཁྲི40.318ཡི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཉོས། བཞི་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁེ་ལས་5རྩ་འཛུགས་བྱས་ཏེ། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་ཡུན་ནན་ཀུང་སིས་རྒྱལ་སྟོན་བསུ་བ་དང་ཟླ་མཆོད་དུས་ཆེན་ལ་དབུལ་སྐྱོར་བྱེད་པའི་ཐོན་རྫས་འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་པར་ཁྱོན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི14.3862ཟིན་ཡོད་པ་རེད། ལྔ་ནི་ཐེན་མའོ་དང་སུའུ་ཉིང་སོགས་ཀྱི་ལས་སྟེགས་སུ་སེམས་ཀྱི་ཉི་ཟླ་གླིང་བཙུགས་ནས། སེམས་ཀྱི་ཉི་ཟླའི་ཞིང་ལས་དང་དམིགས་བསལ་ཐོན་རྫས་དྲ་ཐོག་ནས་འཛད་སྤྱོད་བྱེད་པར་སྐུལ་འདེད་བཏང་། དྲ་ཐོག་དང་དྲ་ཕྱིའི་དབུལ་སྐྱོར་འཛད་སྤྱོད་བསྡོམས་འབོར་སྒོར་ཁྲི2350ལ་སླེབས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།