ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གཞུང་ལམ་ལམ་ཐག་བསྡོམས་པས་སྤྱི་ལེ2945.43ལ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་ཤར་གཏོང་། བགྲོད་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། གནད་ཁེལ་དབུལ་སྐྱོར། གནད་ཁེལ་དབུལ་ཐར་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས“བསྒྲུབ་ཐེངས་གཅིག་ལ་སྐོར་ལམ་གསུམ་དང་བགྲོད་ལམ་དྲུག”དམིགས་འབེན་དུ་བཟུང་སྟེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། གྲོང་ཁྱེར་འདིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞིང་སྡེའི་གཞུང་ལམ་དང“ཚན་ཆུང་རེར་ཤར་གཏོང”གི་གཞུང་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང11དང་སྲིད་འཛིན་གྲོང་ཚོ62ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཤིང་། ལམ་ངོས་སྲ་བསྒྱུར་དང་ཉེན་ཡོད་ལམ་མཚམས་སུ་འགོག་སྲུང་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རང་བྱུང་སྡེ་བ་དང་སྡེ་ཁུལ་ཨུ་ལྷན688ཀྱི་ཨར་འདམ་ལམ་ཤར་གཏོང་ཐུབ་པ་བྱས་པས་བགྲོད་ལམ་ཤར་གཏོང་ཐུབ་ཚད100%ལ་སླེབས། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ལམ་ཐག་བསྡོམས་པས་སྤྱི་ལེ2945.43ལ་སླེབས་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་དང་། རྫོང་དང་ཞིང་སྡེའི་གཞུང་ལམ་ཕལ་བར་བྱེད་པའི་ས་མཐོའི་རི་ཁུལ་གཞུང་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་ཐོག་མར་ཆགས་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།