ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར2.45བཏང་སྟེ་རྣམ་གྲངས28ཀྱི་འཛགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ“ས་ཞིང་གི་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞིའི་དཔྱད་ཞིབ་དམིགས་ཚད་ལ་དཔེ་བསྡུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ས་ཞིང་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། རྣམ་གྲངས་བཅའ་ཁྲིམས་ཀྱི་བགོ་བཤའ་བྱེད་སྟངས་ལྟར2021ལོའི་ཀྲུང་དབྱང་གི་ས་ཞིང་སྦགས་བཙོག་འགོག་བཅོས་མ་དངུལ་སྒོར་དུང་ཕྱུར2.45རྩིས་སྤྲོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་ས་ཞིང་སྦགས་བཙོག་འགོག་བཅོས་འཛུགས་སྐྲུན་རྣམ་གྲངས28ལ་རྒྱབ་སྐྱོར་བྱས།

ས་ཞིང་སྦགས་བཙོག་འགོག་བཅོས་རྣམ་གྲངས28ཁྲོད། ཞིང་སྤྱོད་ས་ཞིང་བརྟག་དཔྱད་རིགས་ཀྱི་རྣམ་གྲངས4ཡོད་པ་དང་། འཛུགས་སྐྲུན་ས་ཞིང་བརྟག་དཔྱད་རིགས་ཀྱི་རྣམ་གྲངས6ཡོད། སྲ་བརྟན་དུ་གཏོང་བའི་རིགས་ཀྱི་རྣམ་གྲངས9ཡོད། ནུས་ཤུགས་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས2ཡོད། ཉེན་ཁ་དོ་དམ་ཚོད་འཛིན་རིགས་ཀྱི་རྣམ་གྲངས1དང་། ཉམས་གསོ་བཅོས་སྐྱོང་རིགས་ཀྱི་རྣམ་གྲངས1། རྨོ་ཞིང་སྦགས་བཅོག་རྒྱུ་རྐྱེན་ཞིབ་བཤེར་དབྱེ་འབྱེད་ཚོད་ལྟའི་རིགས་ཀྱི་རྣམ་གྲངས1བཅས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།