ལོ་གསར་གྱི་དུས་སུ་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན།

1.jpg

།།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་གུང་གསེང་གི་སྐབས་སུ། རིམས་ནད་སྔོན་འགོག་གང་ལེགས་བྱས་པའི་ཆ་རྐྱེན་འོག་བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་སོ་སོ་རུ་རིམ་བཞིན་ཡུལ་སྐོར་བ་ཇེ་མང་དུ་ཕྱིན།

ཟླ2པའི་ཚེས16ཉིན། གསར་འགོད་པས་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྣམས་ཀྱིས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ་མཐོང་བ་དང་། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་རིམས་ནད་སྔོན་འགོག་དང་བདེ་འཇགས་དོ་དམ་བྱ་བ་གང་ལེགས་བསྒྲུབས་པ་དང་ཆབས་ཅིག་ཏུ་ཞབས་ཞུ་སྤུས་ཚད་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་བ་རྣམས་ལ་བག་ཕེབས་དང་བློ་བདེའི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སུམ་རྩེན་གླིང་དགོན་གྱིས་ཟླ2པའི་ཚེས10ཉིན་གྱི་ཡུལ་སྐོར་བའི་མི་གྲངས116ལ་སླེབས་ནས་ཉིན་རེར་གྲངས་ཀ་རྒྱུན་མཐུད་ངང་འཕར་གྱིན་ཡོད་ལ། ཟླ2པའི་ཚེས15ཉིན་ཡུལ་སྐོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་ཕྱིན་ནས1895ལ་སླེབས་ཤིང་། ལོ་གསར་གུང་གསེང་གི་དུས་ཀྱི་ཉིན5ཡི་ནང་བསྡོམས་པས་ཡུལ་སྐོར་བ4520ལ་སྣེ་ལེན་ཞུས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།