ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐུལ་འདེད་ལ་སྦྱོང་བརྡར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན་གྱི་སྔ་དྲོར། བདེ་ཆེན་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས2021ལོའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འཕྲལ་བསྟུན་སྐུལ་འདེད་ལ་སྦྱོང་བརྡར་བྱས། 

སྦྱོང་བརྡར་ཆ་ཤས་གཉིས་ལས་གྲུབ་པ་དང་། དང་ཐོག་ལས་དོན་ཚན་ཆུང12ཀྱིས་སྐབས་བསྟུན་སྔོན་ཇུས་ཁྲོད་ཀྱི་བྱ་བའི་འགན་འཁྲི་གོ་རིམ་བཞིན་རགས་བཤད་དང་། དེ་རྗེས་ཤང་གྲོང་བརྟག་བཤེར་ཁང་གིས་ཚ་བ་རྒྱས་པའི་ནད་པ་ཤེས་རྟོགས་དང་། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་རིགས་རྒྱབ་ལྗོངས་སུ་བཟུང་ནས་ཡུལ་དངོས་སུ་དྲི་བར་དྲིས་ལན་བཏབ་པ་བརྒྱུད། ནད་པ་ཤེས་རྟོགས་དང་། ཆ་འཕྲིན་བརྒྱུད་སྤྲོད། འཕྲལ་བསྟུན་དང་ལེན་འགོ་རྩོམ་པ། ཚོད་སྐོར་བརྡར་གཅོད་བྱེད་པ། ནད་པ་སྐྱེལ་འདྲེན། མི་སྣ་ཡོངས་ཉིང་སྐྱུར་བརྟག་དཔྱད་བྱེད་པ། སྨན་བཅོས་རོགས་སྐྱོབ། གཅིག་སྡུད་ངང་ལོགས་བཀར། འབྲེལ་འདྲིས་མཁན་དོ་དམ་བྱེད་སྟངས་སོགས་ལ་བརྟེན་ནས་གྲལ་བཤེར་དང་། ཆ་འཕྲིན་ཁྱབ་བསྒྲགས།  དཔྱད་གླེང་བརྟག་དཔྱད་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས། 

ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བདེ་ཆེན་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་དང་ལས་དོན་ཚན་ཆུང་ཁག་གིས་རིམས་ནད་ལ་ཁ་གཏད་པའི་ནུས་པར་ཞིབ་བཤེར་དང་། རིམས་ནད་འཕྲལ་བསྟུན་ཐག་གཅོད་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཚོད་སྐོར་བྱས་ཏེ། བདེ་ཆེན་རྫོང་གིས་འཕྲལ་བསྟུན་ཐག་གཅོད་ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྨང་གཞི་བཏིང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།