ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་དུང་ཕྱུར1སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། 2021ལོའི་ཡུན་ནན་ཞིང་ཆེན་གྱི་རིག་གནས་དང་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་གི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི10114.01སྣེ་ལེན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་བསྡུར་ན110%འཕར་ཡོད་ཅིང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར1107མངོན་འགྱུར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་བསྡུར་ན132.9%འཕར་ཡོད།

ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རིག་གནས་གནས་སྐོར་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། ཡུན་ནན་ནུབ་རྒྱུད་ཀྱི་གནས་སྐོར་ལམ་ཐིག་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས། རིག་གནས་དང་གནས་སྐོར་མཉམ་འདྲེས་བརྒྱུད་དེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་གྲགས་རྟགས་སྐྲུན་པས། གནས་སྐོར་གྱི་འགུག་ནུས་རིམ་བཞིན་ཇེ་དྲག་ཏུ་གྱུར། 

ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བདེ་ཆེན་ཁུལ་གྱིས་གནས་སྐོར་རྨང་གཞི་སྒྲིག་ཆས་ཀྱི་ལས་གཞི་གཙོ་བོ་སྐོར་ཞིག་འཛུགས་སྐྲུན་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཝེ་ལན་དང་ཞང་ཏའོ་སོགས་ཕྱི་ནང་གི་བགྲོད་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་རང་འགུལ་སྐས་འཛེག་དང་། པོ་ཧཱ་མཚོའི་སྲུང་སྐྱོང་སྒྲིག་ཆས། Aརིམ་པའི་ལྗོངས་རྒྱུ་ཁུལ་གྱི་གནས་སྐོར་གྱི་ཡུན་ནན་རིག་ནུས་རྣམ་གྲངས་སོགས་ཀྱི་གྲོང་ཚོའི་རྣམ་གྲངས24མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། གནས་སྐོར་ལམ་རྒྱུད་ཀྱི་གསང་སྤྱོད35དང་། མཛེས་ལྗོངས་ལྟ་སའི་སྟེགས་བུ18། འཕྲལ་བསྟུན་མྱུར་སྐྱོབ་ས་ཚིགས32། རིམ་མེད་དབྱང་འཇིབ་ས་ཚིགས1བཅས་གསར་སྐྲུན་དང་བསྒྱུར་བཀོད་བྱས། འཁོར་གཏོང་གནས་སྐོར་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཡུལ་སྐོར་གྱི་རིན་མེད་མྱུར་སྐྱོབ་སྲིད་ཇུས་ལག་བསྟར་བྱས་པས། ཁུལ་ཡོངས་གནས་སྐོར་གྱི་ཞབས་ཞུ་ནུས་ཤུགས་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།