ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་མཛེས་པའི་གྲོང་ཚོ་ཁྲི1འཛུགས་སྐྲུན་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་གྱི་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱུས་ལོན་པ་ལྟར་ན། ལོ་མང་པོའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཡུན་ནན་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་འོག་གི་ཞིང་སྡེ་དབུལ་ཕོངས་མང་ཚོགས་ཡོངས་རྫོགས་དབུལ་ཐར་བྱུང་ནས། དབུལ་ཕོངས་གྲོང་ཚོ8502དབུལ་ཕོངས་གྲས་ནས་ཕྱིར་འཐེན་བྱས་ཏེ། དབུལ་ཕོངས་རྫོང88ཀྱིས་དབུལ་ཞྭ་ཕུད་པ་དང་། “ཐད་བརྒལ་མི་རིགས”དང་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་སྤྱིའི་ཆ་ནས་དབུལ་ཐར་བྱུང་སྟེ། ཡུན་ནན་ཞིང་ཆེན་ལོ་ངོ་སྟོང་ཕྲག་དུ་མའི་དབུལ་བོ་དབུལ་རྐྱང་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་ལ། དབུལ་ཐར་འགག་སྒྲོལ་བྱ་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ།

གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། 2021ལོར་ཡུན་ནན་ཞིང་ཆེན་གྱིས“གྲོང་གསེབ་དར་སྤེལ་བརྒྱ་སྟོང་ཁྲིའི”དཔེ་སྟོན་ལས་གཞི་ལག་བསྟར་བྱས་ཏེ། གྲོང་གསབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་རྡལ100དང་། ཕུལ་བྱུང་དཔེ་སྟོན་གྲོང་ཚོ1000། མཛེས་པའི་གྲོང་ཚོ་ཁྲི1བཅས་འཛུགས་སྐྲུན་བྱ་རྒྱུ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི480འཛུགས་སྐྲུན་བྱ་རྒྱུ་རེད། གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། དེང་རབས་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་དང་གྲོང་ཚོར་རེར་ཐོན་རྫས་རེའི་ཆེད་ལས་གྲོང་ཚོ་འཛུགས་སྐྲུན་བྱས་ཏེ། ནགས་བརྟེན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ། གྲོང་ཚོའི་རིག་གནས་དར་སྤེལ་བཟོ་འགོད་ལག་བསྟར་བྱས་ཏེ། གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོའི་སྲོལ་བཟང་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ། གྲོང་ཚོའི་བཅོས་བསྒྱུར་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོན་རྗེས་ལོ30ཇེ་རིང་དུ་གཏོང་བའི་བྱ་བར་ནན་ཏན་གྱིས་སྐུལ་འདེད་གཏོང་རྒྱུ་དང་།  གྲོང་ཚོའི་ཁང་གཞི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་བྱ་བར་གཟབ་ནན་སྒོས་སྐུལ་འདེད་གཏོང་རྒྱུ། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་རེད། དེ་མིན་སྡེ་དཔོན་གྱི་ཁ་གསབ་དང་གཟེངས་བསྟོད་ཚད་གཞིའི་སྲིད་ཇུས་དངོས་འབེབས་བྱ་རྒྱུ་དང་། གྲོང་ཚོ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱས་ནས། གྲོང་ཚོའི་གཞུང་ལམ་བཞི་ལེགས་ཅན་རྒྱུན་མཐུད་ངང་འཛུགས་སྐྲུན་དང་། གྲོང་ཚོའི་ས་ཡོམ་འགོག་པའི་སྡོད་ཁང་ཁྱིམ་ཚང་ཁྲི10བསྒྱུར་བཀོད་བྱ་རྒྱུ། གྲོང་ཚོའི་དངུལ་རྩའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཚོའི་བཅོས་སྐྱོང་ལ་ཤུགས་བསྣན་ནས་གྲོང་ཚོའི་ལེགས་བཅོས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། གྲོང་ཚོའི་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། གྲོང་ཚོའི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། “ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་དར་སྤེལ་སུ་གཏོང་བའི”འགུལ་སྐྱོད་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།