ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་ཁེབས་ཚད65.04%ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས3ཉིན་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱི་ནགས་སའི་གཞི་ཁྱོན་མུའུ་དུང་ཕྱུར4.24བར་ཇེ་མང་དུ་སོང་བ་དང་། ནགས་ཚལ་གསོག་ཉར་བྱེད་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར20.67ཇེ་མང་དུ་སོང་ནས། ནགས་ཚལ་ཁེབས་ཚད65.04%ལ་སླེབས་ཡོད་པས། ཡུན་ནན་གྱི་རི་བོ་དང་ས་གཞི་རྒྱུན་མཐུད་ངང་ལྗང་སྒྱུར་ཐུབ་པ་བྱུང་།

ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཡི་ཅུས་ཀྲང་རིན་ཀྲུ་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱིས་ལྗང་སྒྱུར་སླར་གསོ་བྱ་བར་ནན་གྱི་བཟུང་སྟེ། ནགས་ཚལ་མུའུ་ཁྲི3847.7སྐྲུན་པ་དང་། རྨོ་བསྐྱུར་ནགས་སྐྱོང་རྩྭ་གསོ་དང་རི་ཞིང་གི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཚད་མུའུ་ཁྲི1286.7ལ་སླེབས། རྡོ་ཟགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཚད་མུའུ་ཁྲི538.36ཟིན་པ་དང་། འགོག་སྲུང་ནགས་ཚལ་མུའུ་ཁྲི60.9འཛུགས་སྐྲུན་བྱས་ལ། ཞན་འགྱུར་རྩྭ་ཐང་མུའུ་ཁྲི410ཉམས་གསོ་བྱས། ཕྱུགས་བསྐྱུར་རྩྭ་སྐྱོང་བྱེད་ཚད་མུའུ་ཁྲི238.2ལ་སླེབས་ཏེ། ལོ་རེར་ཆ་སྙོམས་སུ་འོས་འགན་སྡོང་འཛུགས་བྱེད་ཚད་སྡོང་རྐང་དུང་ཕྱུར1ལ་སླེབས་ཡོད་ཟེར།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱི་ནགས་སའི་གཞི་ཁྱོན་མུའུ་དུང་ཕྱུར3.75ཡོད་པ་ནས་དང་མུའུ་དུང་ཕྱུར4.24བར་འཕར་སྣོན་བྱུང་བ་དང་། ནགས་ཚལ་གྱི་གསོག་ཉར་བྱེད་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར17.68ནས་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར20.67བར་ཇེ་མང་དུ་སོང་ཡོད། ནགས་ཚལ་ཁེབས་ཚད65%ལས་བརྒལ་ཏེ65.04%ལ་སླེབས་ཡོད་དེ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་ཐོན་ཁུངས་སྤྱི་འབོར་ཚད་མཐོན་པོའི་འཕར་སྣོན་བྱུང་ནས། སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།