བདེ་ཆེན་ཁུལ་ནགས་ཚལ་མེ་འགོག་མི་སྣས་ལག་ལེན་དངོས་ནས་སྦྱོང་བརྡར་ལེགས་པོ་ཐོབ།

2.jpg

3.jpg

4.jpg

5.jpg

6.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནགས་ཚལ་མེ་འགོག་དུས་ཚིགས་སླེབས་པའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་བདེ་ཆེན་ནགས་ཚལ་མེ་འགོག་རུ་ཁག་གིས་མེ་སྦར་བ་དང་མེ་འགོག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལག་ལེན་དངོས་ནང་ཞུགས་པའི་ཁོར་ཡུག་ཁྲོད་མེ་འགོག་དམག་འཐབ་ཀྱི་ནུས་བ་རྒྱ་བསྐྱེད་པ་དང་། ནུས་ཤུགས་ཡོད་དགུས་དཔྱིད་ཀའི་མེ་སྐྱོན་འགོག་པར་གྲ་སྒྲིག་གང་ལེགས་བྱས། དངོས་འཐབ་ནང་ཞུགས་པའི་བླང་བྱ་ལྟར་རུ་ཁག་དེས་ཧུར་ཐག་སྒོས་ཚན་ཆུང་བཙུགས་ནས་མེ་འགོག་དམག་འཐབ་རྒྱག་པ་དང་། མེ་གསོད་སྒྲིག་ཆས་བཀོལ་སྤྱོད་ཕྱོགས་བསྡུས་ནང་སྦྱོང་། མེ་རའི་སེམས་ཁམས་བྱ་སྤྱོད་སོགས་ཀྱི་སྦྱོང་བརྡར་བཅས་བརྒྱུད་ཕྱོགས་ཡོངས་ནས་མེ་འགོག་ལས་རྒྱལ་ཁ་ཐོབ་པའི་ནུས་བ་སྦྱོང་བརྡར་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།