ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་​སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་ཕོངས་ངལ་ནུས་མི་ཐེངས་ཁྲི3.11ལས་ཞུགས་ཐུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སེམས་ཀྱི་ཉི་ཟླའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་ཕོངས་ངལ་ནུས་མི་ཐེངས་ཁྲི3.11ལས་ཞུགས་ཐུབ་པ་དང་། གྲོང་གསེབ་ངལ་ནུས་མི་ཐེངས་ཁྲི4.85ལྷག་ཙམ་ལ་གསོ་སྦྱོང་བྱས་ཤིང་། གྲོང་རྡལ་གྱི་མི་ཐེངས12065ལས་ཞུགས་ཐུབ་པ་བྱུང་།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་ཤོར་མི་སྣ་མི་ཐེངས1203ཡང་བསྐྱར་ལས་ཞུགས་ཐུབ་པ་དང “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་མི་ཐེངས632དང་བསྡུར་ན་དུས་མཉམ་ལས90.35%འཕར་ཡོད། ལས་ཞུགས་དཀའ་བའི་མི་སྣ་མི་ཐེངས1114ལས་ཞུགས་ཐུབ་པ་དང“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་མི་ཐེངས588དང་བསྡུར་ན་དུས་མཉམ་ལས89.46%འཕར། ལས་སྐྲུན་འགན་ལེན་དངུལ་བུན་སྒོར་ཁྲི16099བཏང་ནས་མི་ཐེངས1426གིས་རང་བདག་གིས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། གྲོང་རྡལ་གྱི་སྤྱི་ཕན་ལས་གནས་མི་ཐེངས950གསར་འབྱེད་བཀོད་སྒྲིག་བྱས་ཤིང་། གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་ཚད4.2%ནང་ཚོད་འཛིན་བྱས་པ་རེད། 

གཞན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ངལ་རྩོལ་གན་རྒྱའི་ལམ་ལུགས་ལག་བསྟར་བྱས་པས་ངལ་རྩོལ་རྩོད་གླེང་འདུམ་འགྲིག་དང་འདུམ་གཅོད་ལ་ཕན་ནུས་མངོན་གསལ་ཐོན་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།