ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་གྱིས་མ་དངུལ་སྒོར་དུང་ཕྱུར26.8བཏང་སྟེ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཆ་འཕྲིན་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱིས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར26.8བཏང་སྟེ། རྒན་གསོ་ལས་ཁུངས་དང་། ཞིང་སྡེའི་བདེ་སྐྱིད་ཁང་སོགས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒན་གསོའི་ཞབས་ཞུ་ཁྱབ་ཁོངས་ཀྱི་འདོན་སྤྲོད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་།

ཡུན་ནན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་མཱ་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཡུན་ནན་ཞིང་ཆེན་གྱིས་སྡེ་ཁུལ་གྱི་ཁྱིམ་སྡོད་དང་ལས་ཁུངས་ཀྱི་རྒན་གསོ་ཕན་ཚུན་གསབ་པའི་འཕེལ་རྒྱས་དང་། མཁར་གྲོང་གི་རྒན་གསོ་ཞབས་ཞུའི་ཆ་སྙོམས་འཕེལ་རྒྱས། དམངས་གཉེར་དང་གཞུང་བཙུགས་རྒན་གསོ་ལས་ཁུངས་མཉམ་དུ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་སྟེང་། བྱེད་ཐབས་མང་པོ་སྤྱད་དེ་རྒན་གསོའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་།

མིག་སྔར། ཡུན་ནན་ཞིང་ཆེན་དུ་འཛུགས་སྐྲུན་བྱས་ཟིན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་རྒན་གསོ་ལས་ཁུངས1168ཡོད། མཁར་གྲོང་གི་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས2681ཡོད། ཞིང་སྡེའི་བདེ་སྐྱིང་ཁང3512ཡོད་ཅིང་། རྒན་གསོའི་ཉལ་ཁྲི་ཁྲི18ལ་སླེབས་ཡོད་དེ། དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ལས46%འཕར་ཡོད།

མཱ་པིན་གྱིས་བཤད་རྒྱུར། ཡུན་ནན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཞིང་སྡེའི་ཁྱིམ་སྲུང་རྒན་པའི་དོ་ཁུར་ཞབས་ཞུ་སྔར་ལས་ཕྱོགས་ཡོངས་སུ་གྱུར་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པའི་མས་སྐྱོར་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ནས། སྤྱི་ཚོགས་ཞུབས་པ་དང་། བྱེད་ནུས་ཆ་ཚང་། ཞབས་ཞུ་སྣ་མང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་རྒན་གསོ་ཞབས་ཞུ་མ་ལག་རིམ་གྱིས་གྲུབ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།