ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་གྱི་འགོ་ཁྲིད་དང་གཅིག་གྱུར་གྱི་བཀོད་འདོམས། གྲུབ་འབྲས་མཐུན་སྦྱོར་བཅས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ནས། བསྡོམས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཆུང་གི་ཚོགས་འདུ་ཐེངས11དང་། ཞིབ་འཇུག་བརྡར་གཅོད་གྲོས་ཚོགས་ཐེངས123བསྡུས་ཏེ། ཕྱོགས་སོ་སོའི་ནུས་པ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གཅིག་བསྡུས་བྱས་པ་དང་། ནུས་ཁུངས་སྣ་ཚོགས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གཅིག་སྡུད་བྱས་པའི་སྟོབས་ཤུགས་གྲུབ་པར་བྱས།

རྫོང་འདིས་རྒྱལ་གཅེས་འཕྲོད་བསྟེན་གྱི་“ཆེད་དོན་བྱ་འགུལ་བདུན་”ནན་ཏིག་གྱིས་སྤེལ་བ་དང་། དུས་ཐོག་ཏུ་འགོ་ཁྲིད་ཚན་ཆུང་ལེགས་སྒྲིག་བྱས་ཤིང་། ཧྲུའུ་ཅི་དང་རྫོང་དཔོན་གཉིས་ཀྱིས་ཚན་ཆུང་གི་འགོ་ཁྲིད་ལམ་ལུགས་ལག་བསྟར་བྱས་ལ། སྤྱི་པའི་འདུ་གནས་ཀྱི་འཕྲོད་བསྟེན་གཙང་སྦྲ་དང་དུག་སེལ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་བླང་བྱ་དོན་འཁྱོལ་བྱས། དུས་རྒྱུན་དུག་སེལ་ཐོ་འགོད་དང་ལྟ་སྐུལ་སྐོར་ཞིབ་ལམ་ལུགས་བཙུགས་ནས་བཟའ་བཏུང་ལས་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་ཏེ། རྫོང་ཡོངས་ཀྱི་སྤྱི་པའི་འདུ་གནས་སུ་གཙང་དག་དང་དུག་སེལ་བྱ་བ་ཡོངས་སུ་ཁྱབ་པར་བྱས།

རྫོང་འདིས་སྨན་ཁང1དང་ལུས་བཤེར་ས་ཚིགས4། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ས་ཚིགས1།  གྲ་སྒྲིག་ཞིབ་བཤེར་བྱེད་ས1། ལུས་དྲོད་ཞིབ་དཔྱད་ཚད་ལེན་ས་ཚིགས16བཅས་བཙུགས། རྫོང་ཡོངས་སུ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1980དང་རླངས་འཁོར་ཁྲི2ལྷག་ཙམ་ལ་དུག་སེལ་བྱས་པ་དང་། རྫོང་ཡོངས་སུ“ཡུན་ནན་བདེ་ཐང་རྩ་བཤེར”བྱས་པ་མི་གྲངས98111ལ་སླེབས་ཤིང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མི་ཐེངས772ལ་སྤེལ་བ་དང་། “ནང་འདྲེན་གཅིག་ཀྱང་མ་བྱུང་ལ་གནད་དོན་གཅིག་ཀྱང་མ་བྱུང་བའི་”རྣམ་པ་བཟང་པོ་སྲུང་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།