ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་བོད་སྨན་ཁང་སྨན་སྦྱོར་ཁང་གིས་ཁྲིམས་ལྟར་སྒྲིག་གཞི་ཡོད་པའི་སྒོ་ནས་བོད་སྨན་ཐོན་སྐྱེད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགའི་རིང་། བདེ་ཆེན་ཁུལ་བོད་སྨན་ཁང་སྨན་སྦྱོར་ཁང་གིས་ཧུར་ཐག་གིས་སྨན་གསར་ཐོན་སྐྱེད་དང་། བོད་སྨན་སྡེབ་སྦྱོར་བདེ་འཇགས་ལ་ཤུགས་བསྣན་ནས། ལོ་གང་པོར་བོད་སྨན་སྣ160ལྷག་ཐོན་སྐྱེད་བྱས་པ་དང་། བོད་སྨན་ཁང་དང་ས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཁང་། སྒོ་བསྟེན་ཁང་བཅས་ལ་སྨན་བཅོས་བྱེད་པར་མཁོ་བའི་བོད་སྨན་འདོན་སྤྲོད་བྱས་ནས། བདེ་ཆེན་ཁུལ་གྱི་བོད་སྨན་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུད་འདེད་བཏང་།  

བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ལས་སྣོན་ཁང་ནི1987ལོར་བཙུགས་པ་དང་། བོད་སྨན་ཁང་གསར་དུ་འཛུགས་མཁན་སྤྲུལ་སྐུ་བྱང་ཚུལ་ཁྲིམས་རྒྱ་མཚོས་འཛུགས་སྐྲུན་དང་ཐོན་སྐྱེད་ལ་འགོ་འཛིན་བྱས་པར། མུ་ཏིག་བདུན་ཅུ་དང་མུ་ཏིག་ཉེར་ལྔ་སོགས་རྩ་ཆེའི་སྨན་སྣ56ཐོན་སྐྱེད་བྱས་པས་བདེ་ཆེན་གྱིས་བོད་སྨན་སྡེབ་སྦྱོར་ལས་རིགས་ཀྱི་འགོ་བརྩམས། 1998ལོར་སྨན་ཁང་གི་སྨན་སྦྱོར་ཁང་ལ《སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཆོག་འཐུས་དཔང་ཡིག》ཐོབ་པ་དང་། 2005ལོར་སྨན་སྦྱོར་ཁང་གིས་ཐོན་སྐྱེད་བྱས་པའི་སྨན་རྫས་ལ་བོད་སྨན་ཁང་ནང་ཁུལ་གྱི་སྨན་སྦྱོར82ཀྱི་ཆོག་མཆན་ཡིག་ཨང་ཐོབ་པ་དང་། 2016ལོར་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་གྱི་ཆོག་མཆན34ཐོབ། 

2009ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག ཁུལ་བོད་སྨན་ཁང་གནས་སྤོ་བྱས་རྗེས་རྨང་གཞིའི་འཛུགས་སྐྲུན་ལེགས་སྒྲིག་བྱས་པ་དང་དང་། བོད་སྨན་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ཆ་རྐྱེན་བསྐྲུན་པས། སྨན་སྦྱོར་ཁང་གིས་རང་འགུལ་གྱིས་སྨན་སྦྱོར་བྱས་པའི་སྨན་གྱིས་བོད་སྨན་ཡོངས་ཀྱི95%ཟིན་པ་དང་། སྨན་ཁང་སྤྱིའི་སྨན་བཀོལ་ཚད་ཀྱི75%ཟིན་ལ། བོད་སྨན་ཁང་གི་སྨན་བཅོས་ཕྱོགས་ཁོ་ནའི་དགོས་མཁོ་བསྐང་བ་ཙམ་མ་ཡིན་པར། ད་དུང་ཁུལ་ནང་ཁུལ་གྱི་བོད་སྨན་སྨན་བཅོས་ཁང་དག་གི་དགོས་མཁོ་ཡང་བསྐང་བ་རེད། 2020ལོར་སྨན་བཅོས་ཚན་ཁག་གི་སྨན་བཀོལ་སྤྱོད་བྱེད་པའི་ཕྱོགས་བསྡུས་བླང་བྱ་ལྟར། རཏྣ་བསམ་འཕེལ་སོགས་ཀྱི་སྨན་སྣ52སྡེབ་སྦྱོར་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་བོད་སྨན་ཁང་འདིས་རིམས་འགོག་ལ་ཕན་པའིནག་པོ་དགུ་སྦྱོརསྡེབ་སྦྱོར་བྱས་ཏེ་སྤྱི་ཚོགས་སུ་བཀྲམ་པར་ཀུན་གྱི་གདེང་འཇོག་བཟང་པོ་ཐོབ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།