ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་ཟླ་ཕོགས་འགྱངས་ཆད་གནད་དོན་ལ་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་ཆེད་དོན་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན།《ཞོར་ལས་པའི་ཟླ་ཕོགས་རྩིས་སྤྲོད་འགན་སྲུང་ཁྲིམས་སྲོལ》དངོས་འབེབས་ནན་ཏན་བྱས་ཏེ། 2021ལོའི་ལོ་སར་སྔོན་གྱི་ཞོར་ལས་པའི་ཟླ་ཕོགས་རྩིས་སྤྲོད་བྱ་བར་འགན་སྲུང་བྱེད་པའི་ལས་དོན་ལེགས་པོར་སྒྲུབ་ཆེད། ཡུན་ནན་ཞིང་ཆེན་ཡོངས་ཀྱིས་ཟླ་ཕོགས་འགྱངས་ཆད་གནད་དོན་ལ་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་ཆེད་དོན་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས།

ཐེངས་འདིའི་ཆེད་སྤྱོད་བྱ་འགུལ་སྐབས་སུ་ཞོར་ལས་པ་ཅུང་མང་པའི་འཛུགས་སྐྲུན་ལས་གཞིའི་ཁྱབ་ཁོངས་དང་ངལ་རྩོལ་བ་འདུ་འཛོམས་ཆེ་བའི་ལས་སྣོན་བཟོ་སྐྲུན་དང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚུལ་ཚབས་ཆེན་ཡིན་པའི་ལས་རིགས་གཙོ་གནད་དུ་བཟུང་ནས། ཕྱོགས་ཡོངས་ནས་ཟླ་ཕོགས་འགྱངས་ཆད་གནད་དོན་གྱི་རྐྱེན་ངན་སེལ་པ་ཡིན། ཐབས་ལམ་རྒྱ་བསྐྱེད་པ་དང་། དུས་ཐོག་དང་ལེན། ཁྲིམས་ལྟར་ཟླ་ཕོགས་འགྱངས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩད་གཅོད་བྱས། མིག་སྔའི་བར་དུ། ས་གནས་སོ་སོས་མི་སྤྱོད་ལས་ཁུངས3116ལ་ཞིབ་བཤེར་བྱས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི3384ལ་བརྟག་སེལ་བྱས་ནས། ཞོར་ལས་པ1785ལ་ཟླ་ཕོགས་སྒོར་ཁྲི1376.75འདེད་ལེན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།