ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་རྒྱུས་ལོན་པ་ལྟར་ན། 2020ལོར་བདེ་ཆེན་དམངས་སྤྱོད་མཁའ་འགྲུལ་གྱི་ལས་བྱེད་མི་སྣས་རིམས་འགོག་ལས་དོན་ལེགས་པོར་སྒྲུབ་པ་དང་ཆབས་ཅིག་ཐོན་སྐྱེད་སླར་གསོ་བྱ་བར་སྐུལ་འདེད་བཏང་བ་དང་། བདེ་འཇགས་ཚད་མཐའ་ཁག་ཐེག་བྱེད་པ་དང་ཆབས་ཅིག གྲུ་ཁའི་གནམ་གྲུ་ཐང་དང་། དུས་རིམ་བཞི་བའི་བསྒྱུར་བཀོད་རྒྱས་སྐྲུན་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ཆེད་དོན་བྱ་འགུལ་གྱི་གྲུབ་འབྲས་ཀྱང་མངོན་གསལ་ཡིན། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ཡག་པོ་བསྡུས་ཏེ། ལོ་ཧྲིལ་བོར་གནས་སྐོར་བ་མི་ཐེངས383441སྐྱེལ་འདྲེན་བྱས་ཤིང་། གནམ་གྲུ་འཕུར་ཐེངས4694འགན་སྲུང་བྱས་ཏེ། དངོས་ཟོག་ཏུན602.9སྐྱེལ་འདྲེན་བྱས་ཡོད་པས། ཚད་ལས་བརྒལ་ཏེ་ལོ་འཁོར་དམིགས་འབེན་ལེགས་འགྲུབ་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
2020ལོར་བདེ་ཆེན་གནམ་གྲུ་ཐང་གིས་གནས་སྐོར་བ་མི་ཐེངས་ཁྲི38སྐྱེལ་འདྲེན་བྱས།