ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོབ་ཆུ་ཚད་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བདེ་ཆེན་ཁུལ་གྱིས“ཉི་འོད་མ་མཐའི་འགན་སྲུང”དང་དབང་བོ་སྐྱོན་ཅན་དབུལ་བོར་འགན་སྲུང་ཡང་དག་བྱེད་པ། དབུལ་ནག་གི་དབང་བོ་སྐྱོན་ཅན་གྱི་བདག་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྲོད་བསྡོམས་པས་དབང་བོ་སྐྱོན་ཅན་མི34899ལ་རོགས་སྐྱོབ་བྱས་ཤིང་། དབུལ་ནག་གི་བདག་སྐྱོང་བྱ་ཡུལ་ཁྲོད་དབང་བོ་སྐྱོན་ཅན་བསྡོམས་པས་མི3346ཡོད།

དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོབ་ཆུ་ཚད་ཇེ་མཐོར་གཏོང་ཆེད། བདེ་ཆེན་ཁུལ་གྱིས《བདེ་ཆེན་ཁུལ་གྱི་སྤྱི་ཚོགས་རོགས་སྐྱོབ་ལག་བསྟར་ཇུས་གཞི》ཁྲོད་གཏན་ཁེལ་བྱས་པའི་ཡར་ཞུ་དང་། དང་ལེན། ཞིབ་དཔྱད། ཞིབ་མཆན་གནང་བ། ཁྱབ་བསྒྲགས། མ་དངུལ་རྩིས་སྤྲོད་བཅས་ཀྱི་གོ་རིམ་དངོས་འབེབས་གཟབ་ནན་བྱས་ཏེ། ཁུལ་ཡོངས་ཀྱིས་བསྡོམས་པས་དབང་བོ་སྐྱོན་ཅན་མི་ཐེངས56739ལ་འགན་སྲུང་བྱས་ཤིང་། “ཁ་གསབ་གཉིས”ཀྱི་མ་དངུལ་སྒོར་ཁྲི3392.98རྩིས་སྤྲོད་བྱས། དེ་མིན་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་སྤྱི་བའི་ཞབས་ཞུ་སྒྲིག་ཆས་ལ་བརྟེན་ནས། སྨན་བཅོས་བདག་སྐྱོང་གི་རྣམ་པས་སྤྱི་ཚོགས་ཅན་གྱི་བདག་སྐྱོང་ཞབས་ཞུ་སྤེལ། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཚོ་བ་དང་སྨན་བཅོས། སློབ་ཞུགས་བཅས་ལ་གནས་སྐབས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་ནས། དབང་བོ་སྐྱོན་ཅན་གྱི་གནས་སྐབས་ཀྱི་རོགས་སྐྱོབ་ལ་ཤུགས་སྣོན་བྱས། འདས་ཟིན་པའི་ལོ་ལྔའི་རིང་བསྡོམས་པས་དབང་བོ་སྐྱོན་ཅན5320ལ་མ་དངུལ་སྒོར་ཁྲི530ལྷག་གི་རོགས་སྐྱོབ་དང་འཚམས་འདྲི་བྱས།

མཁར་གྲོང་གི་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རྒན་གསོ་དང་སྨན་བཅོས་འགན་སྲུང་སྲིད་ཇུས་ཡོངས་སུ་དངོས་འབེབས་གང་ལེགས་བྱ་ཆེད། ཆ་རྐྱེན་དང་མཐུན་པའི་དབུལ་བོ་དང་དབང་བོ་སྐྱོན་ཅན་ཚབས་ཆེན་ཀྱིས་གཏན་ཁེལ་ལྟར་སྤྱི་ཚོགས་འགན་སྲུང་མི་སྒེར་གྱི་སྤྲོད་དངུལ་རོགས་སྐྱོབ་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་དང་། ལོ60ལོན་མེད་པའི་དབང་བོ་སྐྱོན་ཅན་ཚབས་ཆེན་ལ་ཞིང་ཆེན་ནོར་སྲིད་ཀྱིས་གཏན་ཁེལ་ཚད་གཞི་ལྟར་རྒན་གསོ་འགན་བཅོལ་ཡོངས་རྫོགས་སྤྲད་པ་རེད། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་མི6550ཡིས་ཚབ་སྤྲོད་སྲིད་ཇུས་ལོངས་སྤྱོད་བྱས། དེའི་ཁྲོད་དབང་བོ་སྐྱོན་ཅན་ཚབས་ཆེན་མི405ཡོད།

དབང་བོ་སྐྱོན་ཅན་གྱི་བདག་སྐྱོང་ཞབས་ཞུ་མ་ལག་རྒྱ་བསྐྱེད་ཆེད། ཁྱིམ་ཚང་རྨང་གཞི་རུ་བྱས་ཤིང་། སྡེ་ཁུལ་ལ་བརྟེན་ནས། ལས་ཁུངས་འདེགས་སྐྱོར་རུ་བྱས་པའི་དབང་བོ་སྐྱོན་ཅན་གྱི་བདག་སྐྱོང་ཞབས་ཞུ་མ་ལག་རིམ་བཞིན་བཙུགས། “ཉི་འོད་ཁྱིམ་གཞིས་འཆར་གཞི”རྣམ་གྲངས་ལག་བསྟར་བྱེད་པ་དང་། ཕྱོགས་གསུམ་པའི་ལས་ཁུངས་མངག་བཅོལ་བྱས་ཏེ་ཉིན་མོ་གཉོར་སྐྱོང་ཞབས་ཞུ་དང་དང་ལས་ཁུངས་ཀྱི་བདག་སྐྱོང་ལ་བརྟེན་ནས་རིག་ནུས་དང་། བསམ་བློ། ལུས་ཕུང་སྐྱོན་ཅན་ཡིན་པའི་དབང་བོ་སྐྱོན་ཅན1766ལ་གཉོར་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།