ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཡུན་ནན་ཞིང་ཆེན་གྱིས“ནུབ་གློག་ཤར་སྐྱེལ”བྱེད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར7500ལས་བརྒལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ནུས་ཁུངས་མཉམ་ལས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། “ནུབ་གློག་ཤར་སྐྱེལ”བྱེད་པའི་གློག་ཚད་རྒྱུན་མཐུད་ངང་འཕར་སྣོན་ཆེན་པོ་བྱུང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས“ནུབ་གློག་ཤར་སྐྱེལ”བྱེད་པའི་གློག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར7500ལས་བརྒལ།

ཡུན་ནན་ཞིང་ཆེན་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆའོ་གོ་ཞིན་གྱིས་བཤད་རྒྱུར། མིག་སྔར་ཡུན་ནན་ཞིང་ཆེན་གྱིས“ནུབ་གློག་ཤར་སྐྱེལ”ཞིང་ལྗོངས་བརྒལ་བའི་གློག་སྐྱེལ་སྐུད་ལམ10ལ་སླེབས་ཡོད་པ་དང་། གློག་སྐྱེལ་ནུས་ཤུགས2015ལོའི་སྟོང་ཝ་ཁྲི2520ནས་སྟོང་ཝ་ཁྲི4540བར་ཇེ་མཐོར་སོང་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱིས་བསྡོམས་པས“ནུབ་གློག་ཤར་སྐྱེལ”བྱེད་པའི་གློག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར7500ལས་བརྒལ་བ་དང་། ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་གྱི་རྡོ་སོལ་ཟད་གྲོན་ཏུན་དུང་ཕྱུར2ལྷག་ཇེ་ཉུང་དུ་བཏང་བ་དང་། དབྱང་གཉིས་ཐཱན་རྫས་ཏུན་དུང་ཕྱུར5ཇེ་ཉུང་དུ་གཏོང་ཐུབ་པས། ཡུན་ནན་ཞིང་ཆེན་གྱི་གློག་ཤུགས་གཙང་མའི་ཕྱོགས་བསྡུས་ལ་སྐུལ་འདེད་གང་ལེགས་གཏོང་ཐུབ་པ་མ་ཟད། ཤར་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ལ་བྱས་རྗེས་འཇོག་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།