ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་མིའི་ཐབས་ཀྱིས་ཆར་དབེབ་པའི་བྱ་བར་ཇུས་འགོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་ལ་དུས་ཡུན་རིང་པོར་ཆར་པ་འབབ་ཚད་ཧ་ཅང་ཉུང་བས། ནགས་ཚལ་ལ་མེ་སྐྱོན་ཤོར་བའི་གནམ་གཤིས་རིམ་པ་ཅུང་མཐོ་བ་དང་ཐན་པ་འབྱུང་བའི་སྔ་ལྟས་བྱུང་ཞིང་། གནམ་གཤིས་ཛ་དྲག་ཆེ་བའི་མདུན་དུ་ཁུལ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། དུས་ངེས་མེད་དུ་མིའི་ཐབས་ལ་བརྟེན་ནས་ཆར་བ་དབེབ་པའི་གྲ་སྒྲིག་བྱས་ནས་ཐན་པ་འགོག་རྒྱུ་རེད།

ཁུལ་གནམ་གཤིས་སྡེ་ཁག་གི་གཞི་གྲངས་བསྡོམས་རྩིས་ལས་མངོན་པར་གཞིགས་ན། 2020ལོའི་ཟླ11པའི་ཚེས1ཉིན་ནས2021ལོའི་ཟླ1པོའི་ཚེས4ཉིན་བར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གཉིས་ལ་བསྡོམས་རྩིས་བྱས་ན་ཆར་ཆུ་བབས་ཚད་ལོ་རྒྱུས་དུས་མཚུངས་ཀྱི70%ཡན་ཟིན་པ་དང་། ཝེ་ཞིས་རྫོང་ལ64%ཡིས་ཉུང་དུ་ཕྱིན། 2020ལོའི་ཟླ12པའི་ཚེས1ཉིན་ནས2021ལོའི་ཟླ1པོའི་ཚེས4ཉིན་གྱི་བར་ཁུལ་ཡོངས་ལ་ཕན་ནུས་ཆེ་བའི་ཆར་ཆུ་མ་བབས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་ཝེ་ཞིས་རྫོང་གི་ས་ཁུལ་དུ་ཆར་ཆུ་མ་བབས་པ་རེད།

བདེ་ཆེན་ཁུལ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། ཟླ1པོའི་ཚེས11ཉིན་ནས་ཚེས་3ཉིན་བར་རང་ཁུལ་དུ་ཐེངས་གཅིག་ལ་ཆར་ཆུ་ཉུང་ཙམ་བབས། ཁུལ་གནམ་གཤིས་ཅུའུ་ཡིས་ཟླ་1པོའི་ཚེས8ཉིན་ཁུལ་ཡོངས་སུ་མིའི་ཐབས་ལ་བརྟེན་ནས་ཆར་པ་དབབ་པའི་བྱ་བ་བཀོད་སྒྲིག་བྱས་ཤིང་། ཁུལ་དང་རྫོང་(གྲོང་ཁྱེར་)རིམ་པ་གཉིས་ཀྱི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་དམ་ཟབ་བྱ་རྒྱུའི་བླང་བྱ་བཏོན་པ་དང་། རྫོང(གྲོང་ཁྱེར)ཁག་སོ་སོའི་མིའི་གཟུགས་ལས་སྒྲུབ་མི་སྣས་ལས་ཀ་སྒྲུབ་པའི་བཀའ་ལ་སྒུག་ནས། དུས་ངེས་མེད་དུ་མིའི་ཐབས་ཀྱིས་ཆར་ཆུ་འབབ་ཚད་མང་གཏོང་བར་གྲ་སྒྲིག་བྱས་ཏེ་ཐན་པ་འགོག་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།