ཡུན་ནན་ཞིང་ཆེན་གྱིས་ཚོགས་ཆེན་གཉིས་བསྡུ་བའི་དུས་ཚོད་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཞེ་བརྒྱད་བསྡུས་ཏེ། ཚོགས་ཐོག་ནས་སྲིད་གྲོས་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་འབྲེལ་ཡོད་དོན་ཚན་ལ་གྲོས་མཐུན་བྱུང་བ་དང་། ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ2021ལོའི་ཟླ1པོའི་ཚེས25ཉིན་ཁུང་མིན་ནས་བསྡུ་རྒྱུ་ཡིན་པར་གཏན་ཁེལ་བྱས།

ཟླ1པོའི་ཚེས11ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་ལས། ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ2021ལོའི་ཟླ1པོའི་ཚེས26ཉིན་འཚོག་རྒྱུ་གཏན་འཁེལ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།