ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་དགུན་དཔྱིད་དུས་ཀྱི་གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར4.15རྩིས་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནོད་ཐེབས་མང་ཚོགས་ཀྱི་དགུན་དཔྱིད་དུས་ཀྱི་འཚོ་བའི་དཀའ་ཁག་ཐག་གཅོད་བྱ་ཆེད། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཚུབ་བསྟུན་དོ་དམ་ཐིན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ལ་གནོད་འཚེ་གནས་ཚུལ་དང་གནོད་འགོག་རྒུད་སྐྱོབ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། ཉེ་ལམ། ཀྲུང་དབྱང་གིས་རང་བྱུང་གནོད་འཚེ་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར4.15རྩིས་སྤྲོད་བྱས་ཏེ། ཡུན་ནན་ཞིང་ཆེན་གྱིས་དགན་དཔྱིད་དུས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས།

ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཁུལ(གྲོང་ཁྱེར)སོ་སོའི་གནོད་ཐེབས་མི་གྲངས་དང་། ལོ་ཏོག་ཐོན་འབབ་རྩ་ཆད་གཞི་ཁྱོན། ཞིག་ལོག་སྡོད་ཁང་། ཤི་བ་དང་གར་སོང་མེད་པའི་མི་གྲངས་སོགས་གནོད་འཚེ་དམིགས་ཚད་ལ་བསམ་གཞིགས་བཏང་སྟེ། རང་བྱུང་གནོད་འཚེ་ཤུགས་རྐྱེན་ཐེབས་ཚད་ཅུང་ཆེ་བའི་དཀའ་ངལ་ཡོད་པའི་ས་ཁུལ་ལ་ཁ་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། སྔ་མོ་ནས་ཀྲུང་དབྱང་གི་དགུན་དཔྱིད་དུས་ཀྱི་འཚོ་བའི་རྒུད་སྐྱོབ་མ་དངུལ་བགོ་བཤའ་རྒྱག་པའི་ཇུས་གཞི་འཆར་འགོད་གཏན་འབེབས་བྱས་ཤིང་། དུས་ལྟར་རོགས་སྐྱོབ་མ་དངུལ་རྩིས་སྤྲོད་བྱས་ཏེ། ལོ་སར་གྱི་སྔོན་དུ་རོགས་སྐྱོར་མ་དངུལ་དུས་ལྟར་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་ཁག་ཐེག་བྱས།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།