ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་ལོ་ལྔའི་ནང་གློག་རྡུལ་ཚོང་དོན་གྱི་ཞིང་སྡེ་རིམ་པའི་ཞབས་ཞུ་དྲ་བ་དང་ས་ཚིགས6433བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་ཡུན་ནན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་རིང་ལ་ཡུན་ནན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རྫོང་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུ་ལྟེ་གནས96དང་། ཤང་གྲོང་གི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས993། ཞིང་སྡེ་རིམ་པའི་ཞབས་ཞུ་དྲ་བ་དང་ས་ཚིགས6433། རྫོང་རིམ་པའི་དངོས་རྫས་འཁོར་རྒྱུག་སྡེབ་སྐྱེལ་ལྟེ་གནས81། གྲོང་རྡལ་གྱི་མྱུར་སྐྱེལ་ས་ཚིགས3400བཅས་བཙུགས་ཡོད་ཅིང་། ཁྱབ་ཚད99.6%ལ་སླེབས་ནས་སྲིད་འཛིན་གྲོང་ཚོར་དངོས་ཟོག་སྐྱེལ་ཚད100%ལ་སླེབས། 

2015ལོའི་རིང་ལ། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར། ཆུས)105རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར19.25ཐོབ། དཔེ་སྟོན་རྫོང་གི་གྲངས་ཀ་རྒྱལ་ཡོངས་ནས་ཨང་དང་པོར་སླེབས་ནས། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན88རྒྱལ་ཁབ་ཀྱི་དབུལ་ཕོངས་རྫོང་ལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། དུས་མཉམ་དུ། གློག་རྡུལ་ཚོང་དོན་དབུལ་སྐྱོར་ཁེ་ལས96སྐྱེད་སྲིང་བྱས་ཏེ། ཞིང་སྡེའི་གློག་རྡུལ་ཚོང་དོན་དབུལ་སྐྱོར་ཞབས་ཞུ་དྲ་རྒྱ་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་གྲོང་ཚོ3378ལ་ཁྱབ་པ་དང་། ཚགས་འཛུགས་བྱང་སྒྲིག་མི་འབོར་དབུལ་བོ་མི་ཐེངས་ཁྲི564.22ལ་ཞབས་ཞུ་སྒྲུབ་ཏེ། མང་ཚོགས་དབུལ་བོ་ཁྲི68.95ལས་ཞུགས་ལས་སྐྲུན་བྱེད་པར་སྣེ་ཁྲིད་གང་ལེགས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།