ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5243fbf2b2119313c4e1124c2022d8d090238d4a.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གསར་འགོད་པས་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔ་ལྷག་ཙམ་གྱི་དཀའ་སྤྱད་ཨར་སྐྲུན་བྱས་པ་བརྒྱུད་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག་ཤར་གཏོང་ཐུབ་ནས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།

src=http___x0.ifengimg.com_res_2021_A22F2FDF48161CC5878B307461193226669066DE_size46_w600_h338.jpeg&refer=http___x0.ifengimg.jpg

སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་རྒྱལ་ཁབ་དང་ཡུན་ནན་ཞིང་ཆེན་དབར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དྲ་འཐུས་ཚང་དུ་བཏང་བ་མ་ཟད། ས་ཁོངས་འགྲིམ་འགྲུལ་འགྲོ་འོང་གི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཐོན་ཁུངས་མཉམ་འགུལ་གསར་སྤེལ་དང་ཡུན་ནན་ནས་ཁྲོན་བོད་དབར་གྱི“སེམས་ཀྱི་ཉི་ཟླ་ཆེན་པོའི”ཡུལ་སྐོར་འཁོར་འབྲེལ་གསར་སྐྲུན་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།