ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི44ལྷག་གསར་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས3ཉིན་ཡུན་ནན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ལས་ཞུགས་དམིགས་བསལ་དུ་འཛིན་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ། ལས་ཞུགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བཏང་། 2020ལོའི་ཟླ11པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་ལས་གནས44.31གསར་སྤེལ་བྱས་ཏེ། མང་ཚོགས་ལས་ཞུགས་བྱེད་པ་དང་་ཡོང་སྒོ་འཕར་སྣོན་འབྱུང་བར་རོགས་སྐྱོར་བྱས།

ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་དབྱང་ཡུས་ཅན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་ཞུགས་བརྟན་རླིང་དུ་གཏོང་བའི་ལས་དོན་སྤེལ་བ་བརྒྱུད། ལས་སྐྲུན་ལ་སྐུལ་སློང་དང་ལས་ཞུགས་བྱ་བར་སྣེ་ཁྲིད་བྱས་ཤིང་། ལས་རྣམ་གསར་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ལས་ཞུགས་རྒྱ་བསྐྱེད་པ་དང་། ཤར་ནུབ་ས་ཁུལ་གྱི་ངལ་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བས། ལས་ཞུགས་ཤོང་ཚད་མུ་མཐུད་དུ་རྒྱ་ཇེ་ཆེར་སོང་ཡོད།

ཡུན་ནན་ཞིང་ཆེན་གྱིས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ཏེ། བསྡོམས་པས་ལས་ཞུགས་དཀའ་ཁག་ཡོད་པའི་མི་ཁྲི58.77ལས་ཞུགས་བྱེད་པར་རོགས་སྐྱོར་བྱས། མཐོ་སློབ་མཐར་ཕྱིན་སློབ་མའི་སྤྱི་ཡོངས་ཀྱི་ལས་ཞུགས་ཆུ་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་བྱས། ཞོར་ལས་བའི་གླ་ཕོགས་ཆད་འཇོག་རྩ་བཅོས་བྱ་བར་སྐུལ་འདེད་བཏང་ནས། བསྡོམས་པས་ངལ་རྩོལ་བ་ཁྲི18.21བར་ངལ་རྩོལ་གན་རྒྱ་འགོད་པར་ཁ་གསབ་བྱས་ལ། ངལ་རྩོལ་བ་ཁྲི27.93ལྷག་ལ་གླ་ཕོགས་སྒོར་དུང་ཕྱུར26.82འདེད་ལེན་བྱས།

 གཞན་ཡང་ཡུན་ནན་ཞིང་ཆེན་གྱིས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གཅིག་བསྡུས་བདེ་བཀོད་ས་ཚིགས་སུ་ཞབས་ཞུ་ས་ཚིགས658དང་། ཞབས་ཞུའི་སྒེའུ་ཁུང471བཙུགས་ཡོད་ཅིང་། ལས་ཞུགས་དབུལ་སྐྱོར་འཁོར་ཁང2451གཏན་ཁེལ་བྱས། ནུས་རྩལ་དབུལ་སྐྱོར་བྱ་འགུལ་ལག་བསྟར་བྱས་ཏེ་བསྡོམས་པས་ངལ་རྩོལ་བ་མི་ཐེངས་ཁྲི609.52གསོ་སྦྱོང་བྱས་པ་རེད།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།