ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་བོད་ལུགས་གཙག་དྲུབ་ལ་ཞིང་ཆེན་གྱི“བཟོ་རྩལ་ཡག་ཤོས”ཀྱི་བྱ་དགའི་རྟགས་མ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1609115607938045.jpg

1609115612356146.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། 2020ལོའི་ཁུན་མིང་རྒྱལ་སྤྱིའི་མི་རིགས་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་དངོས་མང་འགྲེམས་སྟོན་དེ་ཁུན་མིང་རྒྱལ་སྤྱིའི་སྟོན་ཚོགས་ལྟེ་གནས་སུ་སྤེལ་བ་རེད། བོད་ལུགས་གཙག་དྲུབ་རིག་གནས་སྒྱུ་རྩལ་གླིང་གིས་བདེ་ཆེན་ཁུལ་གྱི་ཚབ་བྱས་ཏེ་ཐེངས་འདིའི་དམངས་ཁྲོད་དངོས་མང་སྟོན་ཚོགས་སུ་ཞུགས། 

སྟོན་ཚོགས་སྟེང་། ཡུན་ནན་ཞིང་ཆེན་བཟོ་བཀོད་སྒྱུ་རྩལ་མཐུན་ཚོགས་ཀྱིས་ཆེད་མཁས་པ་གདན་དྲངས་ནས་སྒྱུ་རྩལ་འགྲེམས་སྟོན་དངོས་རྫས་སྣ་ཚོགས་ལ་དཔྱད་ཞིབ་བྱས་མཐར། སེམས་ཀྱི་ཉི་ཟླ་བོད་ལུགས་རིག་གནས་སྒྱུ་རྩལ་གླིང་གི་གཙག་དྲུབ་ཁྲིད་སྟོན་པ་ལིས་ཐིན་ཡུན་གྱི་བརྩམས་ཆོས《མཇལ་ཕྱགདང་། བོད་རིགས་གཙག་དྲུབ་དགེ་རྒན་སྒྲོལ་དཀར་གྱི་བརྩམས་ཆོས《སེམས་ཀྱི་ཉི་ཟླ》གཉིས་ལ་སོ་སོར་ཡུན་ནན་ཞིང་ཆེནབཟོ་བཀོད་སྒྱུ་རྩལ་ཐེངས་བཅུ་བཞི་བའི་“བཟོ་རྩལ་མཛེས་རིས་བུམ་པའིདངུལ་གྱི་བྱ་དགའ་དང་ཟངས་ཀྱི་བྱ་དགའ་ཐོབ། 

བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་བཙུགས་པ་ནས་བཟུང་། སྲུང་སྐྱོབ་དང་བརྒྱུད་འཛིན་བཅས་ཀྱི་དམིགས་འབེན་ལྟར་བོད་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གཙག་དྲུབ་རིག་གནས་གཙོར་བཟུང་ནས། བོད་ལུགས་གཙག་དྲུབ་ཀྱི་འཕེལ་རྒྱས་དང་གསར་གཏོད་འཚོལ་ཞིབ་བྱས་ཏེ། བོད་ལུགས་གཙག་དྲུབ་བཟོ་རྩལ་གྱི་རྒྱུད་འཛིན་དང་དར་སྤེལ་གྱི་ཆེད་བརྩམས་ཆོས་ལེགས་པོ་རྩོམ་པར་འཚོལ་སྙེག་བྱས། ཉེ་བའི་ལོ་འདི་དག་གི་རིང་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་གིས་བདེ་ཆེན་བོད་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་དང་མཉམ་འབྲེལ་གྱིས་བོད་ལུགས་གཙག་དྲུབ་སློབ་ཁྲིད་བྱས་པ་མ་ཟད། དེ་དང་མཉམ་དུ་བོད་རིགས་བུ་མོ་གཙག་དྲུབ་གསོ་སྦྱོང་ནང་བསྡུས་ཏེ། བོད་རིགས་ཀྱི་བུད་མེད་སྔར་ལས་མང་པོར་ལག་རྩལ་ཁྲིད་ནས། ཁོ་མོ་ཚོའི་ལག་གི་དངུལ་ཁབ་ཚོན་སྐུད་སྤྱད་ནས་མ་འོངས་པའི་འཚོ་བའི་བདེ་སྐྱིད་བརྩོན་ལེན་བྱེད་པར་འབད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།