2020ལོའི་བདེ་ཆེན་ཁུལ་གྱི་ཚོང་ཟོག་ཕྱིར་འཚོང་སྤྱིའི་མ་དངུལ་སྒོར་དུང་ཕྱུར20ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་ཚོང་ཟོག་མཁོ་འདོན་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་སྟེང་། དུས་རབས་སྔོན་པའི་ལོ་རབས་བརྒྱད་བཅུ་བར་བཙུགས་པའི་བདེ་ཆེན་ཁུལ་ཚོང་ཟོག་མཁོ་འདོན་མ་ལག་དེ་ལོ་ངོ30ལྷག་གི་འཕེལ་རྒྱས་ལ་བརྟེན། བདེ་ཆེན་ཁུལ་གྱིཞིང་གསུམཞབས་ཞུའི་གཙོ་ཤུགས་སུ་གྱུར་ཡོད། 2020ལོར་བདེ་ཆེན་གྱི་ཚོང་ཟོག་མཁོ་འདོན་མ་ལག་གི་ཕྱིར་འཚོང་སྤྱིའི་མ་དངུལ་སྒོར་དུང་ཕྱུར20ལས་བརྒལ་ཞིང་།  དེ“ལོ་ལྔ་ཚན་བཅུ་གསུམ”པའི་ཐོག་མའི་དུས་དང་བསྡུར་ན33.43%གྱིས་མང་ཏུ་ཕྱིན་ཡོད། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་མ་དངུལ་སྒོར་དུང་ཕྱུར11ལས་བརྒལ་བ་དང་། ལོ་རེའི་ཆ་སྙོམས་འཕར་ཚད45.83%ལ་སླེབས། བཅོས་བསྒྱུར་གཏིང་ཟབ་བྱས་པ་བརྒྱུད། མིག་སྔར་ཚོང་ཟོག་མཁོ་འདོན་མ་ལག་ནི་བདེ་ཆེན་ཁུལ་གྱི་ཞིང་གསུམ་སྤྱི་ཚོགས་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་དང་། ཞིང་གྲོང་དེང་རབས་ཐོན་རྫས་འཁོར་རྒྱུག་གི་ཐབས་ལམ་གཙོ་བོ། ཞིང་ལས་མཉམ་ལས་ཁང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་ཤུགས་ནུས་པའི་སྣེ་ཁྲིད་པར་གྱུར་ཡོད། 

ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཚོང་ཟོག་མཁོ་འདོན་སྤྱི་ཚོགས་བཅོས་བསྒྱུར་གྱི་རེ་འདུན་ལྟར། བདེ་ཆེན་ཁུལ་གྱིས་ཚོང་ཟོག་མཁོ་འདོན་མ་ལག་གིསགྲོས་ཚོགས་གསུམ”གྱི་ལམ་ལུགས་རིམ་བཞིན་ཡོངས་འགྲུབ་བྱས་པ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཕྱོགས་ལ། ཁུལ་ཡོངས་ཀྱི་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་ཞབས་ཞུ་དང་། ཁྲིད་སྟོན། སྣེ་ཁྲིད་བཅས་ལ་ཤུགས་བསྣན་ནས། མིག་སྔར་ཁུལ་ཡོངས་སུ་བསྡོམས་རྩིས་བྱས་ན་འཕེལ་རྒྱས་འབྲེལ་ཡོད་ཆེད་ལས་མཉམ་ལས་ཁང127དང་། མཉམ་ལས་སུ་ཞུགས་མཁན་དུད་ཚང19053ཡོད་ལ། སྣེ་ཁྲིད་བྱས་པའི་ཞིང་བའི་དུད་ཚང38996དང་། ཞིང་བའི་ཡོང་འབབ་སྒོར་ཁྲི13200ཐོབ་པར་རོགས་འདེགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།