ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་ཁྱིམ་ཐོའི་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37%ལས་བརྒལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན་བསྡུས་པའི་“ལོ་ལྔ་ཚན་བཅུ་གསུམཔའི”སྐོར་ལ་འབད་བརྩོན་བྱེད་པའི་ཡུན་ནན་གྱི་འཕེལ་རྒྱས་ལ་ཕྱི་མིག་བལྟ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྒྲགས་པ་ལྟར་ན། 2020ལོའི་ཟླ11པའི་ཚེས30ཉིན་ཡུན་ནན་ཞིང་ཆེན་གྱི་ཁྱིམ་ཐོའི་མི་གྲངས་ཁྱོན་ཁྲི4804.4ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོའི་མི་གྲངས་ཁྲི1780.6ཟིན་པ་དང་། ཁྱིམ་ཐོའི་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད7.06%ཟིན་ཡོད་ལ། “ལོ་ལྔ་ཚན་བཅུ་གཉིས”དང་བསྡུར་ན་བརྒྱ་ཆའི་ཆ5.76གིས་མང་དུ་འཕར་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་མི་ཉིད་སྲོག་ཤིང་ཏུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གསར་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ས་ཁུལ་གྱི་ཁྱིམ་ཐོ་སྤོར་བའི་སྲིད་ཇུས་ཕྱོགས་ཡོངས་ནས་སྒོ་ཕྱེས་པ་དང་། ཁུང་མིན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་ཁྱིམ་ཐོ་བསྐོར་བར་ཚོད་འཛིན་མེད་པར་བཟོས། ཡུན་ནན་གྱི་གཏན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད2015ལོའི43.33%ནས2019ལོའི48.91%བར་མཐོ་རུ་ཕྱིན་པས་བརྒྱ་ཆའི་ཆ5.61གིས་མཐོ་རུ་ཕྱིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུན་ནན་ཞིང་ཆེན་གྱིས་ཡུན་ནན་དང་དེའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཚོགས་པ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། 2019ལོར་ཡུན་ནན་དང་དེའི་དབུས་རྒྱུད་གྲོང་ཁྱེར་ཚོགས་པས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་ཀྱི་རྒྱ་ཁྱོན28.3% བཟུང་ཡོད་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར60.68%འདུས་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད58.94%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།