སྐབས་ལྔ་བའི་སེམས་ཀྱི་ཉི་ཟླའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་འགོ་ཚུགས་པ།

2.jpg

སྐབས་སྔོན་མའི་ནང་པར་བླངས་པའི་འདབ་ཆགས་རིགས།

3.jpg

སྐབས་སྔོན་མའི་ནང་པར་བླངས་པའི་འདབ་ཆགས་རིགས།

4.jpg

སྐབས་ལྔ་བའི་འགྲན་བསྡུར་ནང་ཞུགས་བཞིན་པའི་པར་བ།

3.jpg

སྐབས་ལྔ་བའི་འགྲན་བསྡུར་ནང་ཞུགས་བཞིན་པའི་པར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ནི་དགུན་སྒྲོལ་འདབ་ཆགས་རིགས་སེམས་ཀྱི་ཉི་ཟླ་རུ་འདུས་པའི་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་ལ། དེ་དག་གི་མཛེས་སྡུག་ལྡན་པའི་གཟུགས་བརྙན་འཛིན་པའི་ཆེད།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྤེལ་བའི་སྐབས་ལྔ་བའི་སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་གཟིགས་པའི་དུས་ཆེན་དེ་ཟླ12པའི་ཚེས23ཉིན་འགོ་ཚུགས་པ་རེད། “སྐྱེ་ཁམས་ཀྱི་བདེ་ཆེན། དག་སྣང་གི་མཁའ་དབྱིངས”ཞེས་པ་དེ་ནི་སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་རྒྱལ་སྤྱིའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་གྱི་འགྱུར་མེད་བརྗོད་དོན་གཙོ་བོ་ཡིན་པ་མ་ཟད། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཆོད་སེམས་ཀྱང་ཡིན།།

སྐབས་ལྔ་བའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་དེ་ནགས་ཕག་མཚོ་འགྲམ་གྱི་རི་མཐོ་གཞིས་ཀ་ནས་སྤེལ་ཞིང་། རྒྱང་རིང་ནས་བལྟས་ཚེ་མཚོ་དང་ནམ་མཁའ་ཡོངས་སུ་འདྲེས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ལ། ཡུལ་དངོས་སུ་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་འདབ་ཆགས་རིགས་སྣ་ཚོགས་པར་བླངས་ནས་དུས་ཆེན་ལ་རོལ་བ་དང་། ས་གནས་མང་ཚོགས་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དུས་ཆེན་ནང་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་ལྔ་བའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་དེ་བསྡོམས་པས་ཉིན་ལྔའི་དུས་ཡུན་རེད། དུས་ཆེན་ཐོག་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མི་སྣ46གདན་འདྲེན་ཞུས་པ་དང་བསྡོམས་པས་རུ་ཁག10དང་འགྲན་ཁུལ་གཉིས་སུ་དགར་ནས་ས་ཁོངས་ལས་བརྒལ་བའི་འདབ་ཆགས་ལ་གཟིགས་པའི་འགྲན་བསྡུར་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།