ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་དེ་ཁྲུང་ཁྲུང་ནག་པོའི་རྒྱལ་ནང་གི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020201215412968578631.jpg

འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་སར་པར་བླངས་པའི་ཁྲུང་ཁྲུང་ནག་པོ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ཕག་མཚོ་བདག་སྐྱོང་ཅུའུ་དང་ལྷོ་ནུབ་ནགས་ལས་སློབ་ཆེན་གྱི་ཆེད་མཁས་པའི་ཚོགས་ཁག་གི་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་ལྟར། ད་ལོར་ཁྲུང་ཁྲུང་ནག་པོ400ལྷག་ཙམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་དགུན་སྒྲོལ་བྱེད་བཞིན་ཡོད་པ་དང་། བརླན་ས་དེ་ཁྲུང་ཁྲུང་ནག་པོའི་རྒྱལ་ནང་གི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད།

ཁྲུང་ཁྲུང་ནག་པོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། བྱང་ཕྱོགས་སུ་རྒྱུད་སྤེལ་བྱེད་པ་དང་འབྲི་ཆུའི་ལྷོ་རྒྱུད་ཁུལ་དུ་དགུན་སྒྲོལ་བྱེད་ཀྱིན་ཡོད་པས“འདབ་ཆགས་ཁྲོད་ཀྱི་དོམ་ཁྲ་ཆེན་པོ”ཞེས་འབོད་བཞིན་ཡོད།

W020201215412968647719.jpg

འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་སར་པར་བླངས་པའི་ཁྲུང་ཁྲུང་ནག་པོ་རེད།

1988ལོར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་ཁྲུང་ཁྲུང་ནག་པོ་ཐོག་མར་འཕུར་ཡོང་བ་དང་། 2004ལོར་ལྟ་ཞིབ་མ་ལག་གིས་ཐོག་མར་ཚད་ལེན་བྱས་པའི་ཁྲུང་ཁྲུང་ནག་པོ60ལྷག་ཙམ་ཟིན་ཡོད། ཆེད་མཁས་པའི་ཚོགས་ཁག་གི་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། ན་ནིང་དང་ད་ལོར་དེ་གར་དགུན་སྒྲོལ་བྱེད་པར་ཡོང་བའི་ཁྲུང་ཁྲུང་ནག་པོ400ལྷག་ཙམ་ཟིན་ཡོད་ལ། ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དེ་རྒྱལ་ནང་གི་ཁྲུང་ཁྲུང་ནག་པོའི་ཁྱུ་ཚོགས་ཆེ་ཤོས་དང་། གཅིག་སྡུད་ཆེ་ཤོས། གལ་ཆེ་ཤོས་བཅས་ཀྱི་དགུན་སྒྲོལ་བྱ་ཡུལ་དུ་གྱུར་ཡོད།

W020201215412968695524.jpg

འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་སར་པར་བླངས་པའི་ཁྲུང་ཁྲུང་ནག་པོ་རེད།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་གནས་པའི་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་རང་རྒྱལ་གྱི་འབྲི་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། བདག་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་བརླན་སའི་སྐྱེ་ཁམས་ཁོར་ཡུག་ཀྱང་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་འདབ་ཆགས་རིགས179ཡོད་པ་དང་ལོ་རེར་དགུན་སྒྲོལ་བྱེད་པའི་དུས་བྱ་ཁྲི5ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།