ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ12པའི་ཚེས2ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་སྟོབས་དང་གཉེན་ཉེའི་མཐུན་ཚོགས་ཀྱིས་བདེ་ཆེན་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭར“དབང་བོ་སྐྱོན་ཅན་ལ་གཅེས་སྐྱོང་དང་བྱམས་སེམས་འབུལ་བ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཐེངས29པའི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཉིན་མོར་རྟེན་འབྲེལ་ཞུ་བའི་ཞོར་དུ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། 

 བྱ་འགུལ་ཁྲོད་བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཆེན་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭར་སྒོར9460ཡི་གྲང་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་བ་དང་། བདེ་ཆེན་ཉི་འོད་འཕྲིན་གཏོང་ཀུང་སིས་སློབ་གྲྭར་ཡོད་པའི་སློབ་མ76ལ་མི་རེར་འཚམས་འདྲིའི་དངུལ་སྒོར500དང་ཉལ་ཆས་སོགས་སྤྲད་དེ་བསྡོམས་པའི་རིན་ཐང་སྒོར45600ཟིན་ཡོད། དེའི་རྗེས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་དང་། བདེ་ཆེན་ཉི་འོད་འཕྲིན་གཏོང་ཀུང་སིའི་དང་བླངས་པས་སློབ་མ་དང་མཉམ་དུ་རིག་རྩལ་བྱ་འགུལ་སྤེལ་བ་དང་རོལ་རྩེད་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།