ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་ནས་ཀྱི་སྦི་རག་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། སེམས་ཀྱི་ཉི་ཟླའི་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་ཚད་ལོན་བྱས་པ་བརྒྱུད་ནང་འདྲེན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞིའི་བླང་བྱ་དང་མཐུན་པར་སེམས་ཀྱི་ཉི་ཟླའི་ས་མཐོའི་སྤུས་ལེགས་སྦི་རག་ཚད་ཡོད་ཀུང་སིས་རེ་ཞུ་བྱས་པའི་རིན་གོང་ཨ་སྒོར་ཁྲི2.64ཟིན་པའི་ནས་ཀྱི་སྤུས་ལེགས་སྦི་རག་སྒམ1391དེ་སེམས་ཀྱི་ཉི་ཟླ་ནས་ཡོ་རོབ་གླིང་དུ་བདེ་བླག་ངང་འདྲེན་འགོ་ཚུགས་པ་རེད།

ད་ལོ་ནས་བཟུང་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་མི་ལེགས་པ་ཐེབས་པས་སེམས་ཀྱི་ཉི་ཟླ་ས་མཐོའི་སྤུས་ལེགས་སྦི་རག་ཚད་ཡོད་ཀུང་སིའི་ཕྱིར་གཏོང་འཆར་གཞི་ཟང་ཟིང་དུ་བཏང་བ་དང་།  སེམས་ཀྱི་ཉི་ཟླ་འགག་སྒོ་ལས་ཁུངས་ཀྱིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས།ནད་ཡམས་ཐོན་རིང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་ཁེ་ལས་སུ་བརྟག་ཞིབ་གཏིང་ཟབ་བྱས་ཡོད་པ་དང་ཁེ་ལས་ཀྱིས་ལས་སྒོ་གསར་གཏོད་བྱེད་པར་རྒྱབ་སྐྱོརབྱས་ནས་ཐོན་རྫས་གསར་པ་ཞིབ་འཇུག་དང་གསར་སྤེལ་ལམ་ལྷོང་ཡོང་བར་བྱས་ཡོད།བདེ་ཆེན་གྱི་ནས་ཀྱི་སྤུས་ལེགས་སྦི་རག་གི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ཁེ་ལས་ལ་ནུས་ཤུགས་ཡོད་རྒུས་ཕྱི་རྒྱལ་གྱི་མངགས་ཐོ་སླར་གསོ་བྱེད་རོགས་བྱས་ཡོད།ཁེ་ལས་ཀྱི་ཕྱིར་གཏོང་ཐོན་རྫས་ཐོན་སྐྱེད་བྱས་ཚར་རྗེས། སེམས་ཀྱི་ཉི་ཟླ་འགག་སྒོ་ལས་ཁུངས་ཀྱིས་ལས་མི་་བཟོ་གྲྭར་མངགས་ཤིང་ཁེ་ལས་ལ་མཛུབ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་ཉོ་ཚོང་གི་སྐར་ཁུང་རྐྱང་པ་བརྒྱུད་ཕྱིར་གཏོང་སྦི་རག་ལ་དྲ་ཐོག་ནས་ཡིག་ཐོག་སྙན་ཞུ་གཉེར་རོགས་ཀྱིས་ཁེ་ལས་ལ་ཕྱིར་གཏོང་གི་སྒོ་ཁྲལ་གནས་ཞུའི་འགྲོ་ལུགས་བསྒྲུབས་ཤིང་། ཚད་ཆེ་ཤོས་ནས་ཁེ་ལས་ཀྱིས་ཕྱིར་གཏོང་གི་མ་གནས་ཇེ་དམའ་རུ་བཏང་སྟེ་སྒོ་ཁྲལ་གནས་ཞུའི་ལས་ཆོད་ཆེ་རུ་བཏང་ཡོད། 

དུས་སྐབས་རྗེས་མར་སེམས་ཀྱི་ཉི་ཟླ་འགག་སྒོ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་བདེ་ཆེན་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་ཚད་འཇལ་སྒྲིག་སྲོལ་གཏན་འཁེལ་གྱི་ཞབས་ཞུའི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད།ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་གི་རྩ་དོན་ལྟར་ཕྱིར་གཏོང་ཐོ་འགོད་ཀྱི་འབྲེལ་ཡོད་གོ་རིམ་ཇེ་ལེགས་སུ་བཏང་ནས་ས་མཐོའི་བཟའ་བཅའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།  དུས་མཚུངས་སུ་བདེ་ཆེན་ཁུལ་གྱི་ཐོན་སྐྱེད་དང་འཚོ་བར་མཁོ་བའི་ནང་འདྲེན་དངོས་ཟོག་ལ་རིན་གོང་ཞིབ་བཤེར་དང་།རིགས་དབྱེ། ཁྲལ་ཆག་དང་རྩ་ཆག་བཅས་ཀྱི་ཞིབ་བཤེར་མཛུབ་ཁྲིད་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།