ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་སྐུལ་སྒྲུབ་སྐུལ་སྤེལ་ཚོགས་འདུ་ཚོགས་ནས། ཁུལ་དང་གྲོང་ཁྱེར་གྱི་ལས་ཁུངས་སོ་སོས་ཕྱོགས་ཡོངས་ནས་བྱ་འགུལ་སྤེལ་ཏེ་རྒྱལ་གཅེས་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྐུལ་སློང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་ཞིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧི་ལིས་ཕིང་ཚོགས་འདུ་ལ་ཞུགས།

ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུ་མཐུད་དུ་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་། གཙོ་གནད་འགག་སྒྲོལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ། བྱེད་སྒོ་དེ“རྒྱལ་གཅེས་འཕྲོད་བསྟེན་མང་ཚོགས་དང་བླངས་ཞབས་ཞུའི་མཉམ་ཞུགས་བྱ་འགུལ”བརྗོད་དོན་གཙོ་བོར་བྱས་ཡོད་དེ། གཅིག་ནི“12·5”རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར་རྒྱལ་གཅེས་འཕྲོད་བསྟེན་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་གཅིག་སྡུད་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། གཉིས་ནི་ཟླ12པ་ནས་བཟུང་རྒྱལ་གཅེས་འཕྲོད་བསྟེན་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་སྤེལ་ནས། ཆུས་ཆུང་བ་དང་། ཤང་སྡེ་ཁུལ། གྲོང་ཁུལ། ཞིང་ལས་ཉོ་ཚོང་ཁྲོམ་ར། ཐང་ཆེན་དང་སྤྱི་གླིང་། ལས་ཁུངས་ནང་ཁུལ་བཅས་དང་དེ་བཞིན་འཕྲོད་བསྟེན་འགན་འཁྲི་ཁུལ་དང་། ཤང་དང་གྲོང་རྡལ་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་དག་ཐེར་བཅོས་སྐྱོང་བྱས། དེ་དང་ཆབས་ཅིག་ཉམས་མྱོང་ཕྱོགས་སྡོམ་དང་དཔེ་མཚོན་བཙུགས་ནས་རྒྱལ་གཅེས་འཕྲོད་བསྟེན་གཙང་སྦྲ་ཆེན་མོའི་བྱེད་སྒོའི་རྒྱུན་གཏན་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་གཏོང་བ་དང“དར་སྲོལ་གསར་དྲུག”གི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཛུགས་པ་དར་སྤེལ་བཏང་།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་སུ་རྒྱལ་གཅེས་འཕྲོད་བསྟེན་“ཆེད་དོན་བྱ་འགུལ7”གྱི་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་གནས་ཚུལ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་སང་ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་པའི་ཚད་གཞིར་སླེབས་ཐུབ་པར་དམ་དུ་དམིགས་ནས། ཚད་གཞི་མཐོན་པོ་དང་། བླང་བྱ་ནན་མོ། རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད། ད་ལྟའི་བར་དུ་རྩ་འཛུགས་མ་ལག་ཕྱོགས་ཡོངས་ནས་འཛུགས་པ་དང་། ཇུས་གཞིའི་དམིགས་ཚད་ཕྱོགས་ཡོངས་ནས་ཞིབ་ཚགས་སུ་གཏོང་བ། མཐིལ་རྟོགས་གྲལ་བཤེར་ཁྱོན་ཡོངས་ནས་བྱེད་པ། ཆ་འགྲིག་བྱེད་ཐབས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་པས་ལས་དོན་ཁག་གི་འཕེལ་རིམ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།