གངས་རིའི་དཔེ་ཀློག་ཚོགས་འདུ་སྐབས་གཉིས་པ་སེམས་ཀྱི་ཉི་ཟླར་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། གངས་རིའི་དཔེ་ཀློག་ཚོགས་འདུ་སྐབས་གཉིས་པ་སེམས་ཀྱི་ཉི་ཟླ་གསོལ་མགྲོན་ཁང་དུ་ཚོགས་པ་དང་། བདེ་ཆེན་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཅུན་མིང་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ལིའུ་ཆུན་སོགས་དཔེ་ཀློག་ཚོགས་འདུར་ཞུགས་ནས་བརྗོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ།

དཔེ་ཀློག་ཚོགས་འདུའི་སྐབས་སུ། ཧྲང་ཧའེ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱིEMBAགདན་ཞུས་དགེ་རྒན་ཆེན་མོ། འཁྲབ་ཁྲིད་པ་གྲགས་ཅན་ཕེང་ཧྥེ་ཡིས་གློག་བརྙན་སྒྱུ་རྩལ་པའི་མིག་ལམ་གྱི་ཤམ་བྷ་ལ་བརྗོད་གཞི་བྱས་པའི《གློག་བརྙན་ཕབ་སྐབས་ངས་བསམ་བློ་གཏོང་བཞིན་པའི་དོན་དག》ཅེས་པའི་དཔེ་དེབ་ཀུན་ལ་མཉམ་སྤྱོད་བྱས་པ་རེད། ཐེངས་འདིའི་དཔེ་ཀློག་ཚོགས་འདུར་གདན་ཞུ་གནང་བའི་ཡུན་ནན་ཏིན་ནུབ་བྱང་རྒྱུད་དུ་ལོ་བཅུ་ལ་མགྲོན་སྡོད་བྱས་པའི་བོད་ཀྱི་རིག་གནས་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་མཁས་དབང་སུན་ཅིང་ཁྲེན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་གཏམ་བཤད་སྤེལ་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གངས་རིའི་དཔེ་ཀློག་ཚོགས་འདུ་ནི་འཁྲབ་ཁྲིད་པ་ཕེང་ཧྥེ་ཡིས་ཏ་ལི་དང་། ལི་ཅང་། ཤམ་བྷ་ལ་སོགས་སུ་རྒྱུན་སྡོད་བྱེད་པའི་རིག་གནས་མཁས་ཅན་དང་སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་ཁག་གཅིག་མཉམ་འབྲེལ་བྱས་ཏེ2020ལོར་ཡུན་ནན་ལི་ཅང་དུ་ཐོག་མར་འཛུགས་འགོ་བརྩམས་པ་དང་། ལོ་དེའི་ཟླ10པར་དངོས་སུ་བཙུགས་པའི་ཡུན་ནན་ཏིན་ནུབ་བྱང་དུ་གཞི་ཚུགས་པའི་རིག་གནས་ཀྱི་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་ཞིག་རེད། དཔེ་ཀློག་ཚོགས་འདུ་ལ་ཐེངས་རེར་སྐུ་མགྲོན1ནས2བར་འགོ་འཛིན་པར་གདན་ཞུ་བྱས་ཏེ། དཔེ་ཀློག་ལས་སྟེགས་སྐྲུན་པ་དང་། རིག་གནས་ཀྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མང་ཚོགས་མང་པོ་ཟབ་ཞུགས་བྱེད་པར་གདན་འདྲེན་ཞུ་བ་བཅས་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་སྤེལ་བའི་ཚོགས་འདུ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།