ཀྲུང་གོ་བོད་ཀྱི་དྲ་བ།

དགུན་སྐྱེལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་ཡུན་ནན་དུ་འབྱོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ11བའི་ཚེས10ཉིན་བརྙན་ལམ་ལྟ་སྐུལ་ཚོད་འཛིན་འཕྲུལ་ཆས་ལས་མཐོང་བའི་ཁྲུང་ཁྲུང་སྐེ་ནག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཡུན་ནན་ཞུན་ཏེན་གྱི་ཞིང་ཆེན་རིམ་པའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ11པའི་ཚེས9ཉིན་གྱི་ཆུ་ཚོད18དང་སྐར་མ24ཡི་སྟེང་། ཁྲུང་ཁྲུང་སྐེ་ནག4ཡུན་ནན་ཞུན་ཏེན་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་དུ་དགུན་སྐྱེལ་དུ་འབྱོར། ལྟ་ཞིབ་ཚད་ལེན་གྱི་བསྡོམས་རྩིས་ལ་གཞིགས་ན། འདི་ནི་དགུན་ཚུགས་པའི་ཚུན་དུ་སྲུང་སྐྱོང་ཁུལ་དུ་འཕུར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་དེ་ཡིན་པ་རེད།

  ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ཞུན་ཏེན་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་དུ་དགུན་སྐྱེལ་དུ་འབྱོར་བ།

   སྲུང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣས་ཏ་པའེ་ལུང་ཧའེ་ཙིའི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་འཕྲུལ་ཆས་བརྒྱུད་ནས། ཁྲུང་ཁྲུང་སྐེ་ནག་གི་གཟུགས་གཞིའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁྲུང་ཁྲུང་སྐེ་ནག4ཡི་ཁྲོད་དར་མ3དང་བྱེའུ1ཡོད་པ་ཐག་གཅོད་བྱས།

 ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ཞུན་ཏེན་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་དུ་དགུན་སྐྱེལ་དུ་འབྱོར་བ།

 ཟླ10པའི་ཟླ་མཇུག་ནས་བཟུང་། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣས་ཁྲུང་ཁྲུང་སྐེ་ནག་དགུན་སྐྱེལ་ལ་བསུ་བ་བྱེད་པའི་གྲ་སྒྲིག་གང་ལེགས་སྒྲུབ་བ་རེད། ལོ་སྔོན་མ་དག་གི་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོར་བལྟས་ན་ཞུན་ཏེན་དུ་དགུན་སྐྱེལ་དུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

  ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ཞུན་ཏེན་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་དུ་དགུན་སྐྱེལ་དུ་འབྱོར་བ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།