ཀྲུང་གོ་བོད་ཀྱི་དྲ་བ།

​“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”ཡུལ་སྐོར་འོས་སྦྱོར་བྱ་འགུལ་ཀོང་ཀྲོའུ་ནས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ11པའི་ཚེས10ཉིན། བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གཉེར་འགན་འཁུར་བའི“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་དེ་ཀོང་ཀྲོའུ་རུ་སྤེལ་བ་རེད།

  ཐེངས་འདིའི་འོས་སྦྱོར་བྱ་འགུལ་གྱིས“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། དམིགས་ཡུལ་ནི་ཀོང་ཀྲོའུ་ཡིས་བདེ་ཆེན་ཡུལ་སྐོར་ལ་རྒྱབ་སྐྱོར་བྱས་པར་བརྟེན་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་བཟང་ཆ་དང་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱ་རྒྱུ་དང་། བདེ་ཆེན་གྱི་ཕུན་སུམ་ཚོགས་ཤིང་ངོ་མཚར་བ། ཁྱད་པར་ཅན། སྣ་མང་བ་བཅས་ཀྱི་རང་བྱུང་དང་མི་ཆོས་ཡུལ་སྐོར་མཛེས་ལྗོངས་མངོན་པ། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ས་གནས་ཀྱི་ཡུལ་སྐོར་རྩ་འཛུགས་དང་། ཡུལ་སྐོར་ཚོགས་པ། ཡུལ་སྐོར་ཁེ་ལས་བཅས་དང་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་ཡུལ་སྐོར་ཐོན་རྫས་དང་སྤུས་རྟགས་ཀོང་ཀྲོའུ་ས་ཁུལ་དུ་སྐད་གྲགས་ཇེ་ཆེར་གཏོང་བ་བཅས་བྱ་རྒྱུ་རེད།

11.jpg

 ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འོས་སྦྱོར་བྱ་འགུལ་ཁྲོད་སེམས་ཀྱི་ཉི་ཟླའི་ཧའེ་ཧྲི་ཡུལ་སྐོར་ལས་དོན་ཁང་གིས་བདེ་ཆེན་གྱི་དུས་ཚུགས་བཞིའི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་བཏོད་ཡོད་དེ། དཔྱིད་དུས་ཡུན་ནན་དང་ལི་ཅང་། སེམས་ཀྱི་ཉི་མ། ཏ་ལི་བཅས་སུ་ཉིན་དྲུག་ལ་ཡུལ་སྐོར་བྱས་ནས་པར་ལེན་པ་དང་། དབྱར་དུས་དམིགས་བསལ་གཟིགས་སྐྱོང་ཡུལ་སྐོར་ལམ་ཐིག་བཏོད་དེ། ལི་ཅང་དང་། སེམས་ཀྱི་ཉི་མ། ལུའུ་ཀུའུ་མཚེའུ་བཅས་སུ་ཉིན་དྲུག་རིང་གི་ཡུལ་སྐོར་བྱེད་པ། སྟོན་དུས་སེམས་ཀྱི་ཉི་ཟླར་ཐད་ཀར་དུ་འཕུར་ནས་ཉིན་གཅིག་ལ་ཡུལ་སྐོར་བྱེད་པ། དགུན་དུས་སྨན་རི་གངས་རི་ལ་ཉིན་བཞིའི་རིང་གི་ཡུལ་སྐོར་བྱེད་པ་སོགས་ཀྱིས་ཡུལ་སྐོར་བས་བདེ་ཆེན་གྱི་དུས་བཞིའི་མཛེས་ལྗོངས་རོལ་མྱོང་གང་ལེགས་བྱེད་ཐུབ་པར་མ་ཟད། བདེ་ཆེན་དུ་འཚོ་བ་སྐྱེལ་བའི་དུས་ཚོད་ལོངས་སུ་སྤྱོད་ཐུབ་པ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།