ཀྲུང་གོ་བོད་ཀྱི་དྲ་བ།

རྡོ་མཁར་རྫོང་ལ་སྒོར་ཁྲི7500ཡི་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐོབ་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར་ཞིང་ལས་འཕེལ་རྒྱས་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་ཟམ་སྒྲོལ་དང་ཡུལ་སྐོར་དབུལ་སྐྱོར་དངུལ་བུན་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4.56བཏང་ནས་རྣམ་གྲངས་དེའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད།རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་མཐའ་འཁོར་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་རྒྱུ་རེད།ས་གནས་དེ་གའི་སྡོད་དམངས་ཀྱི་འཚོ་བ་དང་ལས་ཞུགས་ཁོར་ཡུག་ལེགས་བཅོས་དང་། དབུལ་ཕོངས་མི་འབོར་དབུལ་བྲལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། རྡོ་མཁར་རྫོང་གི་འཕེལ་རྒྱས་ཀྱི་འཇུར་མིག་བསལ་ནས་གནའ་གྲོང་གི་ཡུལ་སྐོར་ཐེག་ནུས་ཆེ་རུ་གཏོང་རོགས་བྱ་རྒྱུ་མ་ཟད།སེམས་ཀྱི་ཉི་ཟླ་ལེགས་འགྱུར་དང་བསྡུ་འགྲེམ་ལྟེ་གནས་གཅིག་གི་འཐབ་ཇུས་ལག་ལེན་དུ་བསྟར་བ།ཕྱི་ཕྱོགས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་ནུས་པ་ཐོན་རྒྱུ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན།      རྣམ་གྲངས་དེ་ཡུལ་སྐོར་+ཐོན་ལས་སྦྲེལ་ཐག་གསར་སྤེལ་བྱེད་པའི་རྣམ་པ་སྤྱད་ཡོད།   སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཐོན་ཁུངས་དང་།མི་རིགས་རིག་གནས་ཐོན་ཁུངས། ཡུན་རིང་བའི་ལོ་རྒྱུས་རིག་གནས་ཐོན་ཁུངས་བཅས་ལ་བརྟེན་ནས།འཐུས་སྒོ་ཚང་བའི་ཡུལ་སྐོར་གྱི་ལེ་ལག་སྒྲིག་བཀོད་དང་སྤུས་ལེགས་ཀྱི་ཞབས་ཞུའི་སྤུས་ཚད་གཞི་རྟེན་དུ་བྱས་ནས་ཡུལ་སྐོར་བའི་ཡིད་དབང་འཕྲལ་མར་འགུག་པ་དང་།  སེམས་ཀྱི་ཉི་ཟླ་ནི་ཡུལ་སྐོར་ཁུལ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞིང་།  ཁྱད་ལྡན་རིག་གནས་ཐོན་ལས་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་དམ་འཛིན་བྱ་གཞིར་བྱས་ནས་སེམས་ཀྱི་ཉི་ཟླ་འདི་ཉིད་རྒྱལ་སྤྱི་ན་མིང་གྲགས་ཆེ་བའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།