ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་བུད་མེད་ཁེ་ལས་པའི་ཚོང་ཚོགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། བདེ་ཆེན་ཁུལ་བུད་མེད་ཁེ་ལས་པའི་ཚོང་ཚོགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དང་བདེ་ཆེན་ཁུལ་བུད་མེད་ཁེ་ལས་པའི་ཚོང་ཚོགས་ཀྱི་ལོ་ཚོགས་ཐེངས་གཉིས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྡུས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྥུན་ཤིས་ཚོགས་འདུར་ཞུགས་པ་དང་འབྲེལ་དགེ་སྒྲུབ་སྤྱི་ཕན་བྱ་གཞག་གི་ལེགས་སྐྱེས་བྱ་དགའ་ཐོབ་པའི་ཚོགས་མིར་གཟི་བརྗིད་མཚན་སྙན་དཔང་ཡིག་སྤྲད།

《ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འཐུས་མི་ཚོགས་ཆེན་སྟེང་བདེ་ཆེན་ཁུལ་གྱི་བུད་མེད་ཁེ་ལས་པའི་ཚོང་ཚོགས་ཀྱི་སྐབས་དང་པོའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ལག་བསྟར་ཨུ་ཡོན་བཅས་བདམས་ཐོན་བྱུང་།

 ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ཚོང་ཚོགས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཚོགས་མིའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ཁེ་ལས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། “བུད་མེད་ཀྱི་སེམས་ཏང་ལ་ཕྱོགས་པ་”ཞེས་པའི་བྱ་སྤྱོད་རབ་དང་རིམ་པ་གཏིང་ཟབ་སྒོས་སྤེལ་ནས་བུད་མེད་ཁེ་ལས་པའི་ཁེ་ཕན་སྒྲིག་འཛུགས་དང་། མཐུན་སྦྱོར། ཞབས་ཞུ། སྲུང་སྐྱོང་བཅས་བྱེད་པའི་འགན་འཁྲི་འཁུར་ཏེ། ཁེ་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ཚོགས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་ཏང་གིས་བུད་མེད་ཀྱི་ལས་དོན་སྤེལ་བའི་སྲ་ཞིང་བརྟན་པའི་གཡུལ་ས་དང་རྒྱ་ཆེའི་བུད་མེད་ཁེ་ལས་པ་ཚོས་ཡིད་ཆེས་དང་དགའ་ཞེན་བྱེད་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཧུར་ཐག་བྱས་པ་རེད།

ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས2019ལོའི་ཟླ6པའི་ཚེས12ཉིན། ཁུལ་བུད་མེད་ཁེ་ལས་པའི་ཚོང་ཚོགས་བཙུགས་པ་ནས་བཟུང་ཚོང་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་དང་ཚོང་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་ཐད་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོང་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “བཟང་པོ་བཞིའི་”ཚད་གཞི་ལྟར་ཚོང་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཧུར་ཐག་གིས་ཚོགས་མིའི་ཁེ་ལས་ལ་ཞབས་འདེགསཞུས་ནས་ཚོང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བ་དང་འཐབ་ནུས་ཆེ་རུ་གཏོང་དགོས་ཟེར།

ཁུལ་བུད་མེད་ཁེ་ལས་པའི་ཚོང་ཚོགས་ཀྱི་འགན་འཁུར་བས་ལོ་སྔོན་མའི་ཚོང་ཚོགས་ཀྱི་བྱ་བ་གནས་ཚུལ་སྤྱི་བསྡོམས་དང་ལོ་རྗེས་མའི་ཚོང་ཚོགས་ཀྱི་བྱ་བ་བཀོད་སྒྲིག་བྱས་ཤིང་། ཡུན་ནན་རུན་ཙེ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པས《དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས། བུད་མེད་ཁེ་ལས་པས་ད་དུང་ཁེ་ལས་དང་ཐོན་རྫས་ཀྱི་གནས་ཚུལ་ངོ་སྤྲོད་དང། ལས་སྒོ་གསར་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་དཀའ་ངལ་ལ་ཁ་གཏོད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད།

ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་ཏང་ཨུ་རྩ་འཛུགས་པུའུ། ཁུལ་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་དམངས་སྲིད་ཅུའུ་སོགས་སྡེ་ཁག་གི་འགན་འཁུར་བ། ཡུན་ནན་ཞིང་ཆེན་བུད་མེད་ཁེ་ལས་པའི་མཐུན་ཚོགས་དང་། སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ཚོང་ཚོགས། ཀྲེ་ཅང་ཚོང་ཚོགས་སོགས་ཀྱི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།