ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བརྟག་ཞིབ་ཚོགས་ཆུང་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་རུ་སྣེ་ཁྲིད་དེ་རང་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་།ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཀོང་ཧའེ་ཡིས་ཕེབས་རོགས་ཞུས་པ།

ཚོགས་འདུའི་ཡུལ་དངོས།

ཁྲེན་ཙུང་རུང་གིས་ཐེངས་འདིའི་བརྟག་ཞིབ་ཀྱི་དམིགས་ཡུལ་གཙོ་བོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་བྱས་ནས་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་དེ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཆེད་དོན་ཞིབ་འཇུག་བྱ་རྒྱུ་དེ་རེད།བདེ་ཆེན་གྱི་ལས་ཀའི་གནས་ཚུལ་ལ་བལྟས་ན།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་གོ་གནས་མཐོ་བ་དང་ཇུས་འགོད་སྔ་བ། སྤྱི་ཡོངས་ཀྱི་འདུ་ཤེས་དང་གོ་སྐབས་ཀྱི་འདུ་ཤེས་དྲག་པོ་ཡོད་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་ཟུང་འབྲེལ་གྱིས་ལོ་ལྔ་ཚན་བཅུ་བཞི་པའི་རིང་གི་གཙོ་གནད་ལས་དོན་དང་རྣམ་གྲངས་ཇུས་འགོད་ཧུར་ཐག་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད། བདེ་ཆེན་གྱིས་ལོ་མང་རིང་རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཡོད་པས་ས་ཁུལ་གཞན་གྱིས་དཔྱད་གཞིར་འཛིན་ནས་སློབ་སྦྱོང་བྱེད་རིན་ཡོད་ཅེས་བསྟན་པ་རེད།

ཁྲེན་ཙུང་རུང་གིས་བདེ་ཆེན་འདི་ཉིད་ཡུན་ནན་གྱི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཀྲུང་དབྱང་གི་དུས་སྐབས་གསར་པའི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་སླད་ཕྱིན་གྱི་ལས་དོན་ཁག་གི་ལག་ལེན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ་དང་།ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སླད་ཕྱིན་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དེ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱེད་དགོས།  རྒྱལ་ཁབ་ཀྱི་རིག་མཛོད་ཡིན་པའི་ཆ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བདེ་ཆེན་གྱི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དང་དེ་བཞིན་གནས་པའི་གནད་དོན་དང་དཀའ་ངལ་ཇི་མ་ཇི་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྙན་སེང་ཞུས་ནས་བོད་འབྲེལ་ས་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དེ་བས་ལེགས་པ་ཡོང་བ་མངོན་འགྱུར་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན་པ་རེད།

དགའ་ལྡན་སུམ་རྩེན་གླིང་དུ་བརྟག་ཞིབ་བྱེད་བཞིན་པ།

ཚེས26ཉིན། ཁྲེན་ཙུང་རུང་དང་བཅས་པའི་དགའ་ལྡན་སུམ་རྩེན་གླིང་དང་། བདེ་ཆེན་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་། དོན་འགྲུབ་གླིང་བཅས་ཀྱིས་དགོན་སྡེའི་དོ་དམ་དང་།དགེ་འདུན་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ།རང་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་ལས་དོན་སྤེལ་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་རེད།

ཁྲེན་ཙུང་རུང་གིས་རང་ཁུལ་གྱི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རྒྱ་ཆེའི་དགེ་འདུན་པ་ཚོར་སྐུལ་ལྕག་ཀྱང་གནང་བ་རེད།བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་དམངས་ཀྱི་བློ་ལ་འབབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་ཞེས་པའི་ཚད་གཞི་བཞི་ལག་ལེན་ཡག་པོ་བྱས་ཏེ་དད་ལྡན་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས།བདེ་ཆེན་གྱི་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་ཆེད་རང་ངོས་ཀྱི་ལེགས་སྐྱེས་ཕུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།   བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཇོལ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཝེ་ཏུང་གིས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་སྙན་སེང་ཞུས་པ་རེད། རང་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཁུལ་ཡོངས་ཀྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱས་པ་རེད།

བདེ་ཆེན་བོད་རིག་པའི་ཞིབ་འཇུག་ཁང་དུ་བརྟག་ཞིབ་བྱེད་བཞིན་པ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།